ཤར་ཁུག་ཁྲིམས་སར་འཁྲིད་དགོས།

ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་དུམ་བུ་ཞིག་འདིར་བཀོད་ཡོད། མི་འདི་ཚོ་གྲས་ཀྱིས་སྐད་ཆ་ལ་འགན་འཁུར་གང་ཡང་མེད་པ་གང་བྱུང་བཤད་ནས་སྤྱི་ཚོགས་སུ་དཀྲོག་གཏམ་སྣ་ཚོགས་བཟོ་བཞིན་འདུག་པས། དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཧིན་སྒོར་འབུམ་ ༥༠ ཙམ་གྱིས་དགོས་འདུན་བཏོན་ནས་ཤར་ཁུག་ཁྲིམས་སར་འཁྲིད་དགོས། ཤར་ཁུག་བུ་དཔའ་བོ་དང་ཤེས་ལྡན་ཡིན་ན་དེ་དུས་ཁ་གྲགས་ཀྱི་རེད། དཔང་རྟགས་སྟོན་གྱི་རེད། གཞན་གང་ཡང་མ་བཤད་ནས་བཞག་ན་མི་འདི་ཚོ་གྲས་སྐྱག་པ་ལངས་ནས་གཏོང་མཁན་རེད་འདུག  ཁུག་རྟའི་ཁུངས་མེད་ལུང་མེད་ཀྱི་ཚིག་འགའ་འདིར་ཡོད། འདི་ཁོ་ནའི་སྟེང་ནས་ཁ་མཆུ་བརྒྱབ་ན་འགྲིག ་་་་་་་

 

དཀྲོག་གཏམ་གྱི་མདུན་རྒྱབ་དང་བདག་གི་རེ་བ། 

འདོན་སྤེལ། ༢༠༡༢/༠༩/༠༣

རིག་འབྱུང་བློ་བཟང་ཆོས་འབྱོར།

བོད་གཞུང་གི་མཚན་དང་ལས་ཐམ་སོགས་ལ་བདག་པོ་བརྒྱབ་ནས་མ་འོངས་པར་བོད་ཀྱི་བདག་པོར་ཕུལ་རྒྱུ་ཡིན་ཟེར་བའི་གཞོན་ནུ་སོགས་ནི་སྒྲིག་འཛུགས་ཙམ་དང་སྒེར་བ་རེ་ཟུང་ཡིན་ནའང་། རྣམ་འགྱུར་འདིས་རྩ་བའི་ཆ་ནས་དབུས་བོད་མིའི་སྒྲིག་འཛུགས་གཞིས་བྱེས་ཚབ་མཚོན་གྱི་སྲིད་གཞུང་ཡིན་མིན་ལ་ཟུར་ཟ་དཀྲོག་གཏམ་སྤེལ་འདོད་ཡོད་པ་དེ་རེད་ལ། དེར་གྲུབ་འབྲས་ཡག་པོ་གང་ཡང་ཐོན་རྒྱུ་མེད་པ་གསལ་བོ་ཡིན་ནའང་། རང་གཞན་གཉིས་མེད་ཆགས་སོང་ན་འགྲིག་པ་འདྲ་བའི་བྱ་སྤྱོད་འདི་རིགས་ནི་ཤིན་ཏུ་ནས་ཐབས་སྐྱོ་བོ་ཞིག་ཡིན་པ་འདིས། ང་ཚོར་གསལ་བཤད་གཞན་ཅི་ཞིག་བྱེད་ཀྱི་ཡོད་པ་རེད་ཟེར་ན། མི་འདི་དག་དང་འདིའི་སྐྱེད་བྱེད་རྣམས་ནི་ཁྲིམས་དང་མང་གཙོའི་ལོངས་སྤྱོད་ལ་ བརྩི་བཀུར་བྱེད་ཐུབ་མཁན་ཞིག་མིན་པ་དང་། དེ་ལས་ཀྱང་ཆབ་སྲིད་ཐད་ཀྱི་དམིགས་དོན་ཅི་ཡིན་ལ་དོགས་གཞི་ཆེན་པོ་ཡོད་པ་ནི་རིག་པས་བརྡར་ཤ་གཅོད་མི་ཐུབ་པ་ཞིག་མིན་པ་དེ་རེད།  དེས་ན་རང་གཞན་རོགས་གསུམ་གཞན་གྱི་བསླུ་བྲིད་འོག་འགྲོ་མི་དགོས་རྒྱུར་འབད་བརྩོན་བྱས་ཏེ། ཆོལ་གསུམ་ཆིག་སྒྲིལ་ལ་ཡིད་ཆེས་རྩེ་གཅིག་ཞུ་རྒྱུ་ནི་རྩ་དོན་རེད་འདོད་ན།

དུས་བབ་ཀྱི་ཟིན་བྲིས་ནང་ཡོད།

༢༠༡༢། ༩། ༣། ཉིན་ཤར་མར་བགྱིས།།