བོད་ནང་བསྟན་ཆོས་ལུགས་ཆེས་མཐོའི་དབུ་འཛིན་ལྷན་ཚོགས་ཐེངས་དང་པོ།

༡༩༦༢་ལོར་བོད་ནང་བསྟན་ཆོས་ལུགས་ལྷན་ཚོགས་ཀྱི་གྲོས་ཆོད་དོན་ཚན་ལྔ་པ།

སྤྱི་ལོ་༡༩༦༢་ཟླ་བ་༡༡་པའི་ཚེས་༩་བོད་རབ་ལོ་༩༣༧་ཆུ་ཡོས་ཟླ་བ་༩་པའི་ཚེས་༢༤་ཉིན་བོད་ནང་བསྟན་ཆོས་རྒྱུད་ཁག་གི་དབུ་འཛིན་བླ་ཆེན་ལྷན་ཚོགས་ཐོག་བཞག་པའི་གྲོས་ཆོད་དོན་ཚན་ལྔ་པ་གཤམ་གསལ།

གངས་ལྗོངས་ཆོས་ཀྱི་ཞིང་སར་འདི་ཉིད་སླར་ཡང་རང་དབང་གཙང་མའི་གདུལ་ཞིང་དུ་བདག་གིར་འཛིན་སྐྱོང་གིས་ཆོས་སྲིད་ཟུང་འབྲེལ་དམངས་གཙོ་གསར་པའི་གཞུང་ཐིག་གི་མདུན་ལམ་ལ་ཤུགས་སྣོན་གནང་ཕྱོགས་གང་དགེའི་སྐོར། གངས་ལྗོངས་ཆོས་ཀྱི་ཞིང་སར་སླར་ཡང་ཆོས་སྲིད་ཀྱི་རང་དབང་གཙང་མའི་དགའ་སྟོན་གྱི་ཉི་མ་གསར་དུ་འཆར་བའི་ལུགས་གཉིས་ཟུང་འབྲེལ་དམངས་གཙོའི་རྩ་ཁྲིམས་དགོངས་དོན་ཕྱིན་ཅི་མ་ལོག་པ་རྟོགས་པའི་སྒོ་ནས་བསྟན་སྲིད་མི་མང་དང་བཅས་པ་འཕྲལ་ཡུན་ཀུན་དགེའི་སྤྱིའི་གཞུང་ལམ་བཟང་པོར་ཤར་བསྐྱོད་ཤུགས་སྣོན་རྩེ་གཅིག་ཏུ་ཞུ་རྒྱུ་བཅས་གྲོས་འཆམས་གྲུབ་པ་ཡིན།

སྤྱི་ཟླ་༡༡་པའི་ཚེས་༡༤་ལ།།      བོད་ཟླ་དགུ་པའི་ཚེས་༢༩་ལ།།

ཏཱ་ལའི་བླ་མ།

ཀརྨ་པ།

ས་སྐྱ་ཁྲི་འཛིན།

ཡོངས་འཛིན་གླིང་སྤྲུལ།

བདུད་འཇོམས།

གངས་སྐྱིད་བོད་གཞུང་དཔེ་མཛོད་ཁང་ནས་ཚགས་པར་རྙིང་པ་ཕྱོགས་སྒྲིག་ནས་ཚིག་རིས་ཇི་བཞིན་ཕབ་བཤུས་བྱས།