གཞོན་ནུའི་ལངས་གླུ།
གཞོན་ནུའི་ལངས་གླུ།
གཞོན་ནུ་མེད་ན་མི་རབས་གསར་པ་མེད། །
གཞོན་ནུའི་ལོ་རྒྱུས་ལྡན་པའི་ལྟ་གྲུབ་འོག །
གཞོན་པ་ང་ཚོ་དཔུང་པ་བསྒྲིགས་ནས་འགྲོ །
གཞོན་ནུ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །
གཞོན་ནུ་མེད་ན་མཐོ་བོད་གསར་པ་མེད། །
གཞོན་ནུའི་ཕུགས་རྒྱང་ལྡན་པའི་སྲོལ་བཟང་འོག །
གཞོན་པ་ང་ཚོས་ནུས་ཤུགས་བསྒྲིམས་ནས་འགྲོ །
གཞོན་ནུ་ཀུན་ལས་རྒྱལ་བའི་བཀྲ་ཤིས་ཤོག །
གཞོན་ནུ་མེད་ན་གཟི་བརྗིད་སྤོབས་པ་མེད། །
གཞོན་ནུའི་རུ་ངར་ལྡན་པའི་འཐབ་རྩོད་འོག །
གཞོན་པ་ང་ཚོས་དཔུང་ཤུགས་ངོམ་ནས་འགྲོ །
གཞོན་ནུའི་ཕུགས་བསམ་འགྲུབ་པའི་བཀྲ་ཤིས་ཤོག །
དགྲ་བོའི་གདོང་ལ་བལྟས་ནས་སྤུན་ཟླར་མཆིལ་ཤད་བྱེད་ཀྱིན་པའི་ཡིད་སྐྱོ་ཞིང་ཞེ་ཁྲེལ་བའི་ལོ་ཟླ་འདི་ཚོར་བསམ་དུས་གཞོན་ནུ་ལྷན་ཚོགས་ནི་ཕོ་བྲང་པོ་ཏ་ལ་བཞིན་ངའི་སེམས་དབུས་སུ་ལངས་ཡོད།
ལྡི་ལིར་ཟས་བཅད་ནང་བཞུགས་ཡོད་པའི་གཞོན་ནུའི་ལས་བྱེད་གསུམ་ལ་བོད་མི་ངོ་ཚ་ཡོད་མཁན་ཞིག་གི་ངོས་ནས་གུས་འདུད་དང་རྒྱབ་སྐོར་ཡོད་ཅེས་ཟུར་ཞུ་བྱེད་ཀྱི་ཡོད།