སེམས་པ་འདི། ནམ་ཡང་ཕ་ཡུལ་དུ་འཁོར།
ལ་ལུང་བརྒྱ་ཡིས་ཆོད་པའི་ཕ་ས་ན།།
བྱམས་ཤིང་བརྩེ་བའི་དྲིན་ཅན་ཕ་མ་བཞུགས།།
ས་མཐའི་ཡུལ་ལ་ཁེར་རྐྱང་འཚོ་བ་ཡིས།།
བདག་གི་རྣམ་ནམ་ཡང་ཁྱེད་ལ་ཕྱོགས།།
ཕ་ས་དྲན་པའི་གདུང་བ་རི་ལས་ལྕི།།
མ་ཡུམ་དྲན་པའི་སེམས་པ་མཆི་མས་བརླན།།
ས་མཐའི་ཡུལ་གྱི་གཉེན་མེད་འཁྱམ་པོ་ངའི།།
ལྷད་མེད་རྣམ་ཤེས་ཕ་ཡུལ་ཕྱོགས་སུ་ཤོར།།
འབྲས་རྡཱ་སྐྱ་བོས་ལུས་ཀྱིས་ཟུངས་ཁྲག་འཇིབས།།
དྲན་གདུངས་ཚོར་བས་སེམས་ལ་རྨ་ཁ་བཟོས།།
བཟོད་མེད་དཀའ་ཚེགས་ལོ་ཟླའི་དཀྱིལ་འཁོར་ནང་།།
བདག་གི་རྣམ་ཤེས་འགོག་མེད་ཁྱེད་ལ་ཕྱོགས།།
ངེས་མེད་ས་མཐའི་ཡུལ་གྱི་སྐྱོ་གར་གྱིས།།
བདག་གི་སེམས་ལ་དུང་བའི་འཆིང་ཞགས་གཡོགས།།
རང་དབང་དབེན་པའི་སྐྱབས་བཅོལ་ལས་དབང་གིས།།
བདག་གི་རྣམ་ཤེས་ཕ་ཡུལ་ཕྱོགས་སུ་དྲངས།།