ཁྱེད་རང་ཚོས་སྐུ་འདྲ་བོ་ལྷ་ཁང་འདྲ་བོ་བཞེངས་ཆོ་གང་ཡོད་རེད།
དངུལ་ནི་ངས་བཏང་གི་ཡོད།ཏཱ་ལའི་བླ་མ་ཁ་ཚུམས།
དྭ་དོན་ཚན་གཉིས་པ་དེ་སངས་རྒྱས་བསྟན་པའི་དོན་དག་ཡིན་དྭ།སངས་རྒྱས་ཀྱི་བསྟན་པའི་དོན་དག་ལ།ད་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་གནང་མཁན་དེ་བསྟན་པ་གནས་མ་གནས་དང་།བསྟན་པ་རྒྱས་མ་རྒྱས་ཟེར་ཡ་དེ་དགེ་འདུན་གྱི་སྡེ་ལ་རག་ལས་བ་ཡིན་ཟེར་ནས་གསུང་གི་ཡོད་རེད།ཡིན་ཐག་ཆོད་རེད།བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་ནས་དུས་ད་ལྟའི་བར་དུ་གང་ལྟར་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ལོ་ཉིས་སྟོང་དྲུག་བརྒྱའི་སྐོར་ཕྱིན་པ་དེའི་རིང་ལ་ཡ།བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཉན་གི་རྩ་བའི་འགན་བཞེས་མཁན་དེ་རབ་དུ་བྱུང་བའི་སྡེ་དེ་ཚོ་ཆགས་བསྡད་ཡོད་རེད།ད་དེ་འདྲ་ཡིན་དུས་ང་རང་བོད་གངས་ཅན་གྱི་མཚོན་པའི་གང་ལྟར་སངས་རྒྱས་ཀྱི་བསྟན་པ་ས་དར་རྡོ་དར་ཡོད་སའི་དགོན་པ་ཁག་མང་པོ་ཞི་བའི་གཅིག་བྱུང་བ་རེད་ལ།དེ་གེ་དེ། དངོས་གནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཡ་གི་འགན་ཁུར་གཙོ་བོ་དེ་བསླེབས་བསྡད་ཡོད་རེད། ད་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་ཟེར་བ་དེ་གང་འདྲ་བྱེད་དགོས་རེད་ཟེར་ལབ་ན། ཁ་སང་་ངས་ཞུས་བ་ཡིན་པཱ།སྟོན་པའི་བསྟན་པ་རྣམ་གཉིས་དེ།།ལུགས་དང་རྟོགས་པའི་བསྟན་པ་ཅན།།དེ་འཛིན་བྱེད་པ་སྨྲ་བྱས་པ།།སྒྲུབ་པ་བྱེད་པ་ཁོ་ན་ཡིན།།
ཟེར་ནས་གསུངས་བཞག་ཡ་གི།ད།བསྟན་པ་ལུང་རྟོགས་ཀྱི་བསྟན་པ་གཉིས་མ་གཏོགས་དེ་ལས་གཞན་དུ་བསྟན་པ་གསུམ་པ་ཞིག་ཡོད་མ་རེད།ལུང་རྟོགས་ཀྱི་བསྟན་པ་གཉིས་གང་འདྲ་བྱེད་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་རེད་ཟེར་ལབ་ན།དཔེ་ཆ་ལྟ།འཆད་ཉན་བྱས་ནས་ཐོས་བསམ་སློབ་གཉེར་གྱི་ཐོག་ནས་ལུང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཡ།དེ་ནས་སྡེ་སྣོད་གསུམ་གྱི་དོན་དག་དེ་བསླབ་པ་སློབ་གཉེར་གྱི་ཐོག་ནས་ཤེས་བསྡད་པ་དེ་ལག་ལེན་བཀལ་ནས་བསླབ་པ་གསུམ་གྱི་ཉམས་ལེན་ཀྱི་ཐོག་ནས་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་བ་དེ་རེད་མ་གཏོགས། ལྷ་ཁང་བཞེངས་ཡ་དང་།མཆོད་རྟེན་བཞེངས་ཡ་གི་བཟོ་འདྲ་བོ་།ད་ལ་དྭགས་ཀྱི་མཆོད་རྟེན་ཟེར་དུས་དཔེ་འདྲ་བོ་ཞིག་འདུགཧཧཧ་མཆོད་རྟེན་མགོ་མེད་མཇུག་མེད།ང་ཆུང་ཆུང་དུས་སུ།སྤོ་བོའི་ཀུ་ཤུ་སང་ཤི་གནང་ཤི་རེད།གྱང་གོག་སང་འགྲོ་གནང་འགྲོ་རེད།ལ་དྭགས་ལ་་མཆོད་རྟེན་མང་པོ་ཞི་བའི་འདུག་ཚང་མ་ལོ། ལོ་ཁ་ཤས་རྗེས་ནས་ཞིག་འགྲོ་བ་འདྲ་ཞིག་རེད།གང་ལྟར་སྔ་མོའི་ལུགས་སྲོལ་ལ་དཔེ་ཆ་ལྟ་ཡ་ལ་དོ་སྣང་ཟེར་གང་མེད་བ་བྱས།ལྷ་ཁང་བཞེངས་ཡ་དང་།་སྐུ་བཞེངས་ཡ་འདྲ་བོ།ང་ཁ་སང་མཚོ་པདྨ་པ་ལ་ཕྱིན་དུས།ངས་ནམ་རྒྱུན་སྐུ་ཆེན་པོ་བཞེངས་ན་གསུངས་བྱོན་གྱི་མ་རེད་ལབ་བསྡད་ཡོད།གསུངས་བྱོན་པའི་ལོ་རྒྱུས་ཁ་ཤས་ཁ་ཤས་བཤད་ཡ་ཡོད་རེད།ངས་ད་ལྟ་དྲན་བསྡད་ཡ་ཞིག་ལ།སེར་ར་སྨད་ཀྱི་གྲྭ་ཚང་གི་ཐོག་ཁ་དེ་ལ་ལྷ་ཁང་ཉི་མ་དྲོ་བོ་ཟེར་བ་ཞིག་ཡོད་རེད།དེའི་མིང་དེ་གང་འདྲ་བྱས་ཐོགས་པ་རེད་ཟེར་ན།དེའི་རྟེན་གཙོ་ཐུབ་དབང་གི་སྐུ་ཞིག་འདུག་ཐུབ་དབང་གིས་གསུངས་བྱོན་བྱས།ང་ཡོད་ས་དེ་མཐོན་པོ་མཐོན་པོ་ཡང་མི་དགོས་།དམའ་བོ་དམའ་བོ་ཡང་མི་དགོས་ཉི་མ་དྲོ་བོ་ཞིག་དགོས་གསུངས་བ་རེད་ཟེར་ཧཧཧ་་་གསུངས་དེ་འདྲ་ཞིག་བྱོན་གྱི་ཡོད་ན་བྱབ་ཆུང་་ཧཧཧ་་་ཨ་མ་ལོ་་་དེ་འདྲ་ཞིག་ང་འདྲ་ཡིན་ན་ལབ་ས་མ་རེད།སྒྲིབ་གཉིས་སྤང་ནས་སྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགསབཞག་པའི་སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་འདྲ་གསུང་གི་མ་རེད་བ།ཆས་སོང་བ།དཔེ་བྱབ་ཆུང་རེད་དྭ་ང་ཚོ།བྱབ་ཆུང་ཞི་བའི་དེ་འདྲ།ཁ་སང་རིན་པོ་ཆེ་གི་ག་རེ་རེད།ད་ལྟ་དེ། ག་རེ་ཟེར་འབྲི་གུང་སྐྱོབས་པ་མགོན་པོའི་སྐུ་དེས་འདིའི་མན་ཆད་ཕེབས་ཀྱི་མིན་གསུངས་བ་རེད་ཟེར། ཡང་གསུང་གཅིག་བྱོན་པ་མ་རེད་ཝེ།ཁ་སང་སྐུ་དེ།ཆུ་ཁ་དེ།འོ་དེ།དེས་ཡར་ཕེབས་ཀྱི་མིན་གསུང་རེད་མ་ཟེར་ཝེ་ཧཧཧ<མཚམས་འདིར་སྔ་མོའི་བཤད་སྲོལ་ཞིག་ཡོད་རེད་ཟེར་ཞུས་སོང་།>བཤད་སྲོལ་ཟེར་ཡ་དེ་ཚོ་བཤད་སྲོལ་རང་རེད།སྤོ་བོ་རྨོ་བོ་ཤེས་ལ་མ་ཤེས་བ་ཚོས་སྒྲུང་གི་བཟོ་འདྲ་བོ་བཤད།དེའི་རྗེས་སུ་སྐྱབས་སུ་མཆི་ཟེར་ནས་ཕྱིན་པ་རེད་མ་གཏོགས་ཁུངས་བཙན་པོ་ཟེར་གང་ཡོད་མ་རེད།ཆས་སོང་བ།ད་ང་ཚོ་དེ་འདྲ་ལ་སྐྱབས་བཅོལ་དགོས་བྱུང་ན་སངས་རྒྱས་པའི་ཆོས་དེས་ཞབས་འདྲེན་ཞུས་ཡ་རེད་དྭ།བྱས་ཙང་།ངས་དེ་མཚོ་པདྨ་ཁ་སང་ཡ་གི་གུ་རུའི་སྐུ་བསམ་གྱི་མི་ཁྱབ་པ་ཞིག་བཞེངས་བཞག་ཞལ་རས་དེ་ཚོ་རྦད་དེ་མཛེས་པོ་ཡག་པོ་ཞི་དྲག་འདུག་རིན་པོ་ཆེའི་བྱམས་པ་མགོན་པོ་དེ་ཡང་དཔེ་འདྲ་ཞིག་འདུག་རྣ་མཆོག་དེ་དཀྱོག་ཙམ་ཞིག་འདུག་མ་གཏོགས་་ཡག་པོ་ཞི་དྲགས་བཟོས་བཞག་ཡིན་པ་ངས་ན་ཉིན་ལབ་སོང་བ།དངོས་གནས་དྲན་གསོ་གཏོང་བའི་བཟོ་འདྲ་བྱ་ན་ཡག་པོ་རེད་མ་གཏོགས།གཞན་འོ་ཁ་སང་ཡ་གི་གུ་རུ་རིན་པོ་ཆེ་སྐུ་དེ་ང་ཡ་གི་སྒོ་འབྱེད་དུ་ཕྱིན་རེད།མ་གཞི་རྙོག་དྲ་འདྲ་ཞིག་བྱུང་སོང་།ཁྲིམས་ཁང་ལ་ཐུག་བསྡད་ཡོད་རེད་ཟེར།རྙོག་དྲ་འདྲ་ཞིག་འདུག
བྱས་ནས་འོ་ད་དེ་དུས།ངས་ལབ་པ་ཡིན།གུ་རུ་རིན་པོ་ཆེའི་སྐུ་བསམ་གྱི་མི་ཁྱབ་པ་ཞིག་འདུག་དངོས་གནས་རང་རེད་དེ། གུ་རུ་རིན་པོ་ཆེའི་སྐུ་དེ།བསམ་གྱི་མི་ཁྱབ་པ་དེ།ཕལ་ཆེར་ལོ་སྟོང་ཕྲག་རིང་བཞུགས་ཀྱི་རེད།ཡིན་ཡང་ལོ་སྟོང་ཕྲག་རིང་ལ་གསུངས་ནི་བྱོན་གྱི་མ་རེད་ཟེར་ལབ་པ་ཡིན།མེད་བ།བཅོམ་ལྡན་འདས་ཀྱིས་ང་ནི་མྱ་ངན་འདས་འོག་ཏུ།འདི་ནི་ཁྱོད་ཀྱི་སྟོན་པ་འོ།བཅོམ་ལྡན་འདས་ཁོང་རང་མི་ཕལ་པ་ཞིག་ཡིན་ན་གཤེགས་ཁ་སླ་མོར་ཞལ་ཆེབས་གནང་ཡ་དེ། ང་ནི་ཤི་འགྲོ་གི་རེད།ངའི་ཚབ་དེ་སོ་སོར་ཐར་པའི་མདོ་དེ་ཡིན་གསུང་བ་རེད་བ།གང་ལྟར་དེ་ནང་བཞིན་བྱས་ནས།བཀའ་འགྱུར་བོད་ལ་སྒྱུར་བཞག་པ་དེ་པོ་ཏི་བརྒྱ་ཙམ་ཡོད་རེད།་དེ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས་རེད།དེ་ང་ཚོ་དད་པའི་ཡུལ་གཅིག་པོ་མ་རེད།དེ་ལ་སློབ་སྦྱོང་བྱ་ཡ་རེད།བཅོམ་ལྡན་འདས་ཀྱི་ཚབ་དཔེ་ཆ་དེ་ཚོས་བྱེད་ཀྱི་ཡོད་རེད།མགོན་པོ་ཀླུ་སྒྲུབ་ང་ཚོས་མཇལ་ཡ་ཡོད་མ་རེད།ད་མགོན་པོ་ཀླུ་སྒྲུབ་ཀྱི་ཚབ་དེ་ཁོ་རང་གི་རིག་ཚོགས་གསུང་བཞག་བ་དེ་གེ་དང་།བསྟོད་ཚོགས་དེ་ཚོ་ཞལ་ཆེམས་རེད།དེ་ལ་ང་ཚོས་ལྟ་དགོས་རེད།དེ་འདྲ་ཡིན་དུས་ཙ་ནས་ང་ཚོ་དཔེ་ཆ་ལྟ་ཡ་དེ་ཞི་བའི་ཞིག་གལ་ཆེན་པོ་རེད་བཞག་མ་གཏོགས།ཕར་ལྷ་ཁང་བཞེངས་ཡ།ང་ལྷ་ཁང་འདི་ཡང་སྣང་བ་འགྲོ་བོ་སེ་གང་བྱུང་མ་སོང་།ཡག་པོ་ནི་རེད་མ་གཏོགས།ཁོ་རང་ཚོ་ལ་དངུལ་ཡོད་རེད།ང་ལ་བྱུས་གཏོགས་ཟེར་གང་ཡོད་མ་རེད།དངུལ་ནི་ང་ཚོས་བཏང་གི་ཡོད།ཏཱ་ལའི་བླ་མ་ཁ་ཚུམས། ལབ་ལ་ང་ཚར་རེད་བ་ཧཧཧཧཧ་ཁོང་ཚོས་ང་ལ་དེ་བཤད་པའི་ཉེན་ཁ་ཡོད་རེད།ཏཱ་ལའི་བླ་མ་ཁ་ཚུམས།དངོས་ནི་ང་ཚོས་བཏང་གི་ཡོད་ཟེར་བའི་ཉེན་ཁ་ཡོད་རེད།ཡིན་ཡང་ང་འདི་ཚོས་གྲལ་དེ་སྣང་བ་འགྲོ་གི་མི་འདུག
དེ་ལས་དཔེ་མཛོད་ཁང་ཅིག་བརྒྱབ། ངས་རྒྱ་གར་ཚོ་ལ་ཟེར་གྱི་ཡོད།ཀུ་ལུ་དང་འདི་གར་ཡར་མར་ཕྱིན་དུས་ལྷ་ཁང་གསར་པ་མ་དྷི་ར་ཟེར་ལབ་གྱི་འདུག་གྭ།ཆུང་ཆུང་དེ་འདྲ་མང་པོ་ཞི་བའི་གཅིག་བསླེབས་ཡོང་གི།ངས་གོ་སྐབས་ཡོད་དུས་ལབ་ཀྱི་ཡོད།ཁྱེད་རང་ཚོ་མ་དྷི་ར་ཡིན་ཟེར་ཆུང་ཆུང་དེ་འདྲ་བཞེངས་བ་ལས་དཔེ་མཛོད་ཁང་ཆུང་ཆུང་དེ་འདྲ་བརྒྱབ། ཝེ་དྷ་དང་། ཨོ་པན་ཤ་དྷ་ཟེར་བའི་དཔེ་ཆ་དེ་ཚོ་བཞག་བྱས།དོན་གཉེར་ཡོད་མཁན་ཚོས་དཔེ་ཆ་ཀློག་ཡ་གི་བཟོ་འདྲ་བོ་་་ཨོག་ཙམ་ཨོག་ཙམ་བྱུང་ན་བགྲོ་གླེང་བྱེད་པ་འདྲ་བོ།ཡང་ཏོག་ཙམ་ཤེས་མཁན་ཚོས་འགྲེལ་བཤད་རྒྱག་ཡ་ཡོད་པའི་བཟོ་འདྲ་བོ་བྱུང་ན་ཡག་པོ་རེད་མ་གཏོགས།དེ་ག་ཙམ་ལྷ་ཁང་འདྲ་བཞེངས་ན་དགོས་པ་མི་འདུག་ཟེར་ནས་ངས་མུ་སྟེགས་པ་ཚོ་ལ་བཤད་ཀྱི་ཡོད་ལ་ང་རང་ཚོ་ལ་ཡང་།ལ་དྭགས་ལ་ཡང་དེ་བཤད་ཉན་འདོད་བྱུང་།ཆས་སོང་ངམ།ཁྱེད་རང་ཚོས་སྐུ་འདྲ་བོ་ལྷ་ཁང་འདྲ་བོ་བཞེངས་ཆོ་གང་ཡོད་རེད། ཆོ་མཐོང་གི་མི་འདུག་ཨ།དེ་ལས་ཕྱིན་ཆད་དགོན་པ་དེ་གེ་དེ་ལུང་རྟོགས་ཀྱི་བསྟན་པ་འཛིན་མཁན་ཡིན་ན།རྟོགས་པའི་བསྟན་པ་འཛིན་པ་ལ་སྔོན་ལ་ལུང་གི་བསྟན་པ་འཛིན་དགོས་རེད།ལུང་གི་བསྟན་པ་འཛིན་ཟེར་ཡ་དེ་སློབ་གཉེར་བརྒྱབ་དགོས་རེད།དེ་འདྲ་ཡིན་དུས་དགོན་པ་ཁག་དེ་སློབ་གཉེར་ཁང་བཟོ་དགོས་རེད།ཆས་སོང་ཨ།དེ་རིང་ངའི་བཤད་ཡ་གཙོ་བོ་དེ་ཡིན་དྭ།དགོན་པ་དེ་གན་དེ་འདོན་པ་འདྲ་ཞིག་འདོན།གཅིག་བྱེད་བསྡད་ཡ་གཅིག་པུ་མིན་པ་གྱིས།
ཉེ་ཆར་གོང་ས་མཆོག་གིས་ལ་དྭགས་ལ་གནང་པའི་བཀའ་སློབ་དུམ་མཚམས་གཅིག