སེམས་པ་འདི།
སེམས་པ་འདི།
རྣམ་གཡེང་གི་རྟ་ཕོ་དང་འགྲོགས་ཏེ།
ཆེས་ཐག་རིང་གི་མཁའ་དབྱིངས་ནས།
ཁྱེད་ཉིད་ལ་རྒྱང་ལྟ་བྱེད།
སེམས་པ་འདི།
དྲན་འཛིན་གྱི་ལྕག་གིས་བསྐུལ་ཏེ།
ཁྱེད་ཀྱི་བླ་ན་མེད་པའི་བྱམས་བརྩེ་དང་།
གཅེས་པར་འོས་པའི་བཀའ་དྲིན་ལ་དྲན་གསོ་བྱེད་བཞིན།
བདག་གི་འཇིག་རྟེན་ན་ཁྱེད་ཉིད་ཁོ་ན་མཁོ་བར་དྲན།
བདག་ཁྱེད་དང་བྲལ་བའི་དུས་ཚིགས་ནས།
མི་ཡུལ་གྱི་དམྱལ་ཁམས་གསོན་པོས་མྱང་ཡོད་ལ།
ཁེར་རྐྱང་གི་ལོ་ཟླར་དཀའ་དུབ་ཀྱིས་རབ་ཏུ་མནར་ཏེ།
གཉེན་མེད་ཀྱི་གཞན་ཡུལ་ནས།ཁྱེད་ཉིད་ཁོ་ན་དྲན་བཞིན་མཆིས།།
