ས་ཚིགས་འདིར་སླེབས་སྐབས།
ས་ཚིགས་འདིར་སླེབས་སྐབས།
ང་རང་ས་ཚིགས་འདིར་སླེབས་དུས
རི་ཁུག་ནས་འཚར་བའི་བྱིས་པ་སྣབས་ལུག་ཅིག་གི
རྐེད་ཚིགས་ནས་དཔྱངས་བའི་སེར་མདོག་གིས་རལ་གྲི་དེས
གློ་བུར་དུ དབྱངས་ལ་ཞུགས་པའི་ངའི་ནམ་མཁའ་གཏོར་སོང
ང་ནམ་མཁར་དང་མཉམ་དུ་འགྱེད་འཕགས་བྱེད་ཀྱིན
རང་གི་ལས་དབང་དེ་ལ་དེ་ལས་སྤྲོ་སྣང་མེད་པར་གྱུར
ནམ་མཁའ་ན་དྲི་ངན་གྱི་གཡའ་འགོས་པའི་རླུང་བུ་རེ་རེས
གཤོག་པ་བརྡབ་ཀྱིན གླུ་དབྱངས་གྱེར་བཞིན
འཆར་སྒོ་བཙོག་བའི་གཏི་མུག་གི་སེམས་པ་བརྩེ་དུང་ལ་དྲངས་ནས
རྩ་ཐང་འགྲམ་གྱི་ལོ་འདབ་མ་རྒྱས་པའི་དུང་སེམས་དུ་མ
བདག་གི་ས་ཚིགས་འདི་ཡི་ཟིན་ཐོ་ན་འགོད་ཀྱིན་འདུག
མགོ་བོ་རུམ་ལ་བཅུག་ནས་མིག་ཆུ་གཏོང་བཞིན་ཡོད་དམ
འཚོལ་སྙེག་ནི་དེ་ལས་ཡིད་དུ་འོང་བ་ཞིག་མིན་དོན་ཅི
ང་ལ་ཅི་ཡང་མི་དགོས ཐ་ན་བརྩེ་དུང་ཡང་བསྐྱུར་ཆོག
ས་ཚིགས་འདི་ནས ཁྱེད་ཀྱིས་གུ་ཡངས་ཀྱིས་ང་ལ་ཁྱེད་སུ་ཡིན་ཤེས་སུ་འཇུག་དགོས
དོན་དངོས་ཡིན་པའི་ཀུ་རེ་དེས
ཁྱེད་ཀྱི་རང་གཤིས་མཚོན་བྱེད་ཀྱི་ཡིག་འབྲུ་ག་ཚོད་མཁོ་སྤྲོད་བྱེད་སྲིད
2012/9/23