མགོ་བོར་རྨོངས་པའི་ཆབ་སྲིད་པས་འདི་ཐེངས་རེ་བཀླག།
གཞིས་བྱེད་གཉིས་ཀའི་མགོན་སྐྱབས་༸་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གིས་གསུངས་ལས་་ཐེན་ཝན་ལ་ཆ་བཞགས་ན་རང་བཙན་གྱི་ལས་འགུལ་སྤེལ་ན་ཨ་མི་རི་ཀ་མཚོན་པའི་རྒྱབ་སྐྱོར་རག་གི་མེད། ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་སྤྱིར་ལས་སླ་པོ་རེད། ལས་སླ་པོ་དེར་རྒྱབ་སྐྱོར་བྱ་ཐུབ་ཀྱི་མེད་ན་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་ཁ་པོ་རེད།
དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་གི་ཐོག་འགྲོ་དགོས་པ་ལས་སོ་སོའི་འདོད་དབང་དང་ང་རྒྱལ་གྱི་ཐོག་ནས་ང་ཚོར་རང་བཙན་དགོས། རང་བཙན་བསྒྲུབ་རྒྱུ་ཡིན། དབུ་མའི་ལམ་ཟེར་བ་དེ་ཕམ་ཉེས་རེད། དེ་འགྲིག་གི་མི་འདུག་ཅེས་བརྗོད་ན། གཏམ་བརྗོད་རང་དབང་རེད། དེ་ལ་དགའ་བསུ་ཡོད། འོན་ཀྱང་། ལག་ལེན་འཁེལ་ཐུབ་དང་མི་ཐུབ། དེ་ནི་ཧ་ཅང་རྙོག་དྲ་ཚ་པོ་ཡིན་པས་བསམ་བློ་ཏན་ཏན་མ་གཏང་ན་རྗེས་སུ་འགྱོད་པ་སྐྱེ་དུས་ཕྱིས་དྲགས་པ་ཡིན་གསུངས་པ་དང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས།
དབུ་མའི་ལམ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་གསུངས་པ་གཉིས་ལ་ཆབ་སྲིད་པ་གནད་ཡོད་མི་སྣ་ཚང་མས་ཐུགས་བསམ་གཞིས་དགོས་པའི་དུས་ལ་སླེབས་ཡོད་པས་ཚང་མས་གཟབ་གཟབ་གནང་།