ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པར་བགྲོ་བ།

ཉེ་སྔོན་ལྷ་སྨོན་པས་སེར་སྨད་ཡང་སྟེན་སྤྲུལ་སྐུ་ལ་བགྲོ་བ་ཞེས་པའི་ཟིན་བྲིས་ཤིག་སྤེལ་ཡོད་པར། ལྷོ་ཕྱོགས་གནས་བཞུགས་ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པས། ལྷ་སྨོན་པར་བགྲོ་བ་ཟེར་བའི་རྩོམ་ཡིག་རིང་པོ་ཞིག་སྤེལ་འདུག ད་ཐེངས་གོ་སྐབས་འདི་བརྒྱུད་ནས་བློ་བཟང་གྲགས་པར་ཅུང་ཟད་བགྲོ་བ་འདོད་དོ་་་་་་་་

དེ་ཡང་བློ་གྲགས་ཀྱིས་་་ སྔོན་སྤྱི་ལོ༡༩༤༩ལོ་ནས་༡༩༧༡ལོ་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཐའེ་ཝན་ནི་རྒྱལ་ཚོགས་དེའི་ཆ་ཤས་སུ་འདེམས་ཐོན་བྱུང་ཡོད་ལ། འོན་ཀྱང་སྤྱི་ལོ་༡༩༧༡་ནས་བཟུང་རྒྱལ་ཚོགས་དེས་ཐའེ་ཝན་ནི་ངོས་ལེན་མེད་པའི་རྒྱལ་ཁབ་ཅིག་ཏུ་བརྩིས་སྟེ་རྒྱལ་ཚོགས་ནས་གནས་དབྱུང་བཏང་པ་རེད་ཟེར་། ཐའེ་ཝན་རྒྱལ་ཚོགས་ནས་གནས་དབྱུང་བཏང་པ་མ་རེད། སྐབས་དེར་ཐའེ་ཝན་གྱིས། ཉི་མ་གཅིག་གི་འོག་ཏུ་རྒྱ་ནག་གཉིས་ཡོང་མི་སྲིད་ཅེས། རྒྱལ་ཚོགས་དང་རྒྱ་ནག་ལ་ངོ་རྒོལ་དང་ང་རྒྱལ་བྱས་ཏེ་ཐོན་པ་རེད། ད་ལྟའི་སྐབས་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལས་གཞིའི་ནང། ཐའེ་ཝན་འཛུགས་ཞུགས་ཐུབ་ཐབས་སོགས་ལས་དོན་སྣ་མང་སྒྲུབ་བཞིན་ཡོད། སྔོན་དུས་གནས་དབྱུང་བཏང་ཡོད་ན་ད་ལྟའི་འཛུལ་ཞུགས་ཀྱི་ཐབས་ལམ་འཚོལ་དབང་མེད། ཡང་བློ་གྲགས་ཀྱིས་་་་ཨ་རི་ནས་རང་ཉིད་ཀྱི་ཁས་ཕན་ཁོ་ན་དམིགས་ནས་ཐའེ་ཝན་ལ་རོགས་སྐྱོར་བྱས་པ་ལས་། ཐའེ་ཝན་ལ་རྒྱལ་ཁབ་ཅིག་གི་འདུ་ཤེས་འཛིན་ཏེ་རོགས་སྐྱོར་བྱས་པ་ཞིག་མིན་པར་ང་ཚོས་ངེས་པར་ཏུ་སེམས་ལ་བཟུང་དགོས་ཟེར་་་ཨ་རིས་རང་ཉིད་ཀྱི་ཁེ་ཕན་ལ་དམིགས་ནས་ཐའེ་ཝན་ལ་རོགས་སྐྱོར་བྱས་པ་བདེན་པ་རེད། ཡིན་ནའང་ཁྱེད་ཀྱིས་བརྗོད་པ་ལྟར་ཨ་རིས་ཁེ་ཕན་ཁོ་ན་ལ་དམིགས་པ་མ་རེད། གང་ཡིན་ཟེར་ན། ཨ་རིའི་སྲིད་འཛིན་ཟུར་པ་མང་པོ་དང་ཉེ་དུས་ཀྱི་སྲིད་འཛིན་ཟུར་པ་བྷུའུ་ཤུ་རྒན་གཞོན་གཉིས་ཀའི་གསུང་བཤད་ནང། ཨ་རི་གཞུང་གི་རྩ་དོན་གཙོ་བོ་གཅིག་ནི། འཛམ་གླིང་གི་རྒྱལ་ཁབ་ཁག་རང་དབང་མང་གཙོ་ཅན་དུ་བསྒྱུར་རྒྱུ་དང་། དབང་ཆ་གཅིག་བསྡུས་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ཀྱིས་མང་གཙོའི་རྒྱལ་ཁབ་ཁག་ལ་བཙན་འཛུལ་འགོག་ཐབས་ཡིན་ཞེས་བརྗོད་པ་ལྟར། དེང་སྐབས་ཨ་རི་གཞུང་གིས་འབར་མར་རོགས་རམ་བྱེད་བཞིན་འདིས་མཚོན་ཐུབ། ཡང་བློ་གྲགས་ཀྱིས་་་་ཡང་སྟེང་རིན་པོ་ཆེ་ནས་“ཅི་སྟེ་རང་བཙན་རྩོད་ན།  རང་བཙན་གྱི་ཁུངས་ལུང་འདེང་ངེས་དང་དེ་ཡང་ཁྲིམས་ཀྱིས་གཞུང་བསྲངས་ཏེ་རྒྱལ་སྤྱིའི་སྡིངས་ཆར་གསལ་པོར་ཇི་ལྟར་བཟོའམ།རྒྱ་དམག་ཕྱིར་འབུད་ཇི་ལྟར་བྱའམ། རང་བཙན་འཐབ་རྩོད་ལ་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་འདེང་རྒྱུ་གང་ཡོད་དམ།”ཞེས་གསུངས་པ་དེའང་ནོར་འཁྲུལ་གྱི་ལྟ་བ་འཛིན་སྟངས་ཤིག་ཡིན་པར་མི་མཐོང་། ། ལོ་རྒྱུས་སྨྲ་བ་གྲགས་ཅན་ཚོས་ང་ཚོས་ལོ་རྒྱུས་ག་རེ་ཀློག་ནའང་ཐོག་མར་ལོ་རྒྱུས་དེ་ཉིད་ཀྱི་རྩོམ་པ་པོ་སུ་ཡིན་པར་ངོས་ཟིན་དགོས་པ་རེད་ཅེས་གསུངས་ཡོད། དེ་ནི་ལོ་རྒྱུས་ཀྱི་དེབ་ཐེག་དེ་ཉིད་ལ་རྒྱུས་ལོན་ཡོང་བའི་འགག་རྕ་དེ་རེད། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་དེ་དེ་བཞིན་གྱི་ལོ་རྒྱུས་ཤིག་བྲིས་ཡོང་གི་ཡོད་པས་སུ་ལ་ཆགས་འཇོག་ཞུ་དགོས་ཀྱི་ཡོད་དམ། མི་ཁ་ཤས་ཀྱི་དེ་ནི་ལོ་རྒྱུས་གང་ལ་མང་མོས་བྱུང་ན་དེ་ལ་ཆགས་འཇོག་དགོས་ཀྱིས་ཡོད་ཚུལ་འདོད་མོད་། འོན་ཀྱང་བོད་པ་ཚོའི་བོད་ཀྱི་ལོ་རྒྱུས་ལ་ཆགས་འཇོག་བྱས་ངེས་རེད་ལ། རྒྱ་མི་ཚོས་རྒྱ་ནག་གི་ལོ་རྒྱུས་ལ་ཆགས་འཇོག་བྱེད་ངེས་རེད། འདི་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། གལ་སྲིད་མི་འབོར་ལ་བསྡུར་ན། རྒྱ་མི་ནི་ང་ཚོ་བོད་པ་ལས་བརྡབ་གྱུར་གྱིས་མང་བས། འོ་ན་ང་ཚོས་རྒྱ་ནག་གི་ལོ་རྒྱུས་ལ་ཆགས་འཇོག་བྱེད་དགོས་ཀྱིས་ཡོད་དམ། རྒྱུ་མཚན་དེ་དག་སྣ་ཚོགས་ལ་བརྟེན་ནས། དེང་སང་ལོ་རྒྱུས་ཀྱི་བདེན་དོན་ལ་ཡིད་ཆེས་ཡོད་མེད་ལས་ལོ་རྒྱུས་གང་ཞིག་གི་བདེན་དོན་ལ་ཡིད་ཆེས་བྱེད་དགོས་མིན་ཀྱང་དཀའ་ལས་ཤིག་ཏུ་ལྷུང་ཡོད་དུས་ལོ་རྒྱུས་ལ་གཙོ་བཟུང་གི་འཐབ་རྩོད་དེ་དག་ནི་སྔར་ས་ནས་མཇུག་སྒྲིལ་ཚར་པ་རེད་ཟེར་་་་་། གོང་གི་སྐད་ཆ་དེ་ནི་རྒྱུ་མཚན་གཏན་ནས་མེད་པ་ཞིག་རེད། དང་པོ་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་དཔང་ཡིག་ང་དགུའི་གོང་དང་། ཡར་དེད་ན་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཚད་ལྡན་སྣ་མང་ཡོད། དེ་ལ་རྒྱ་བོད་སུས་ཡིད་ཆེས་བྱེད་མིན་གྱི་སྐད་ཆ་མེད་ལ། ༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་རེད། བོད་རང་བཙན་ལོ་རྒྱུས་ཀྱི་ཐོབ་ཐང་རེད་གསུང་པ་དེའང་ལོ་རྒྱུས་ཁུངས་ལྡན་འདི་དག་གཙིགས་སུ་བཟུང་བ་རེད། བློ་གྲགས་ཁྱོད་ཀྱིས་་་་་ལོ་རྒྱུས་སྨྲ་བ་གྲགས་ཅན་ཚོས་ང་ཚོས་ལོ་རྒྱུས་ག་རེ་ཀློག་ནའང་ཐོག་མར་ལོ་རྒྱུས་དེ་ཉིད་ཀྱི་རྩོམ་པ་པོ་སུ་ཡིན་པར་ངོས་ཟིན་དགོས་པ་རེད་ཅེས་གསུངས་ཡོད། དེ་ནི་ལོ་རྒྱུས་ཀྱི་དེབ་ཐེག་དེ་ཉིད་ལ་རྒྱུས་ལོན་ཡོང་བའི་འགག་རྕ་དེ་རེད། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་དེ་དེ་བཞིན་གྱི་ལོ་རྒྱུས་ཤིག་བྲིས་ཡོང་གི་ཡོད་པས་སུ་ལ་ཆགས་འཇོག་ཞུ་དགོས་ཀྱི་ཡོད་དམ། མི་ཁ་ཤས་ཀྱི་དེ་ནི་ལོ་རྒྱུས་གང་ལ་མང་མོས་བྱུང་ན་དེ་ལ་ཆགས་འཇོག་དགོས་ཀྱིས་ཡོད་ཚུལ་འདོད་མོད་། འོན་ཀྱང་བོད་པ་ཚོའི་བོད་ཀྱི་ལོ་རྒྱུས་ལ་ཆགས་འཇོག་བྱས་ངེས་རེད་ལ། རྒྱ་མི་ཚོས་རྒྱ་ནག་གི་ལོ་རྒྱུས་ལ་ཆགས་འཇོག་བྱེད་ངེས་རེད་ཟེར་་་་། ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ལ། ད་ལྟའི་སྐབས་ལོ་རྒྱུས་ནང་འཁོད་པའི་བོད་རང་བཙན་ལ་ཆ་འཇོག་བྱེད་མི་ཐུབ་པའི་དུས་ཚོད་ལ་སླེབས་ཟིན་པ་ལྟ་བུ་དང་། ཡང་གོ་བ་གཞན་ཞིག་ནི། བོད་ཀྱི་ལོ་རྒྱུས་ལ་ཧ་ཅང་གི་རྒྱུས་མངའ་ཆུང་བའི་རང་གཤིས་ཐོན་འདུག་པ་ལྟ་བུ། ཡང་དེང་རབས་ཀྱི་བཤད་ཡམ་ལ་རྨོངས་དད་ཚ་དྲགས་པ་དང་རང་སྟོབས་ཀྱི་བསམ་བློ་མེད་པ་ལྟ་བུ་མངོན་འདུག་པས། བོད་ཀྱི་ལོ་རྒྱུས་རྙིང་པ་རྣམས་ལ་མང་ཙམ་ལྟོས། ཡང་བློ་གྲགས་ཀྱིས་་་་་་ང་ཚོར་སྒུག་ཁོམ་ཡོད་དམ། འདས་པའི་ལོ་ངོ་ལྔ་བཅུ་རིང་རྒྱ་ནག་གིས་ང་ཚོ་བོད་འདི་མིང་མེད་དུ་བཟོ་བྱེད་ཆབ་སྲིད་དང་། སྲིད་ཇུས་འདྲ་མིན་སྤེལ་ནས། ད་དེང་ཆར་བོད་མི་ཚོ་རང་ཉིད་ཀྱི་ས་ཆ་ནས་གྲངས་ཉུང་མི་རིགས་སུ་བསྒྱུར་ཡོད་པ་དང་། བོད་ཀྱི་ན་གཞོན་མང་པོ་ཡང་ཧ་ལམ་མིང་ཙམ་གྱི་བོད་རིགས་ཡིན་པ་ལས་དོན་དངོས་ཐོག་རྒྱ་ནག་མི་རིགས་དང་དབྱེ་མེད་དུ་བཟོས་ཡོད་པ་ཁྱེད་དང་ང་ཚོ་ཚང་མས་མཁྱེན་གསལ་རེད་ཟེར་་་་་། དབུ་མའི་ལམ་གྱི་ཐོག་ནས་བོད་དུ་ག་དུས་ལོག་ཐུབ་མིན་མི་ཤེས། ཐུབ་ན་དམག་ཕྱོགས་ཀྱི་རྩ་ཁྲིམས་ཀྱི་སྒྲོན་གཞིའི་འོག་ཏུ་ང་ཚོས་མང་གཙོ་ལོངས་སུ་སྤྱོད་ཐུབ་བམ། ཁྱེད་ཀྱིས་བཤད་པ་ལྟར་དེང་སྐབས་བོད་མི་གྲངས་ཉུང་མི་རིགས་བསྒྱུར་ཟིན་ན། ང་ཚོ་ལོག་པའི་རྗེས་སུ་རྒྱ་མི་ཕྱིར་ཕུད་གཏོང་གི་མ་རེད། ང་ཚོ་གྲངས་མང་མི་རིགས་ཇི་ལྟར་ཆགས་ཀྱི་རེད་དམ། བོད་ཀྱི་ན་གཞོན་མང་པོ་རྒྱ་རིགས་དབྱེ་མེད་བཟོས་པ་ཟེར་བ་དེ་བདེན་པ་མ་རེད། དེང་སྐབས་བོད་ནང་ན་གཞོན་ཚོ་སྔར་ལས་ལྷག་པའི་སེམས་ཤུགས་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རང་ལུས་མེར་སྲེག་འདི་ཁོ་ན་ལས་ཤེས་ཐུབ། ཡང་བློ་གྲགས་ཀྱིས་་་་ གལ་སྲིད་ཁྱེད་ཀྱིས་གསུངས་པ་བཞིན་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ང་ཚོར་རང་བཙན་ཞིག་འཐོབ་པའི་དབང་དུ་གཏང་ནའང་། གལ་སྲིད་བོད་ཀྱི་ངོ་བོ་དེ་ཉིད་མཐོང་མེད་སྔར་ས་ནས་ཡལ་ཚར་ན། རང་བཙན་ཞེས་པའི་མིང་སྐམ་པོ་དེས་ཕན་འདོགས་ཤིག་ག་ལ་འཆིས་སམ་ཟེར་་་་་། དབུ་མའི་ལམ་རྩོད་ནས་ལོ་ ༣༤ སོང་ཟིན་པ་རེད་ད་དུང་ག་ཚོད་བསྡད་དགོས་མིན་མི་ཤེས། ཡང་སྟེང་ཁྱེད་རང་གཉིས་ཀས་དབུ་མའི་ལམ་རྩོད་ན་མགྱོགས་སུ་བོད་ནང་ལོག་ཐུབ་པའི་དག་སྣང་ཞིག་སྐྱེ་བཞིན་འདུག བོད་ས་ཤོར་ནས་ལོ་ ༥༣ ལས་སོང་མེད་དེའི་དུས་ཚོད་མང་ཆེ་བ་དབུ་མའི་ལམ་རྩོད་པ་རེད། ཡང་ཁྱེད་རང་གིས་་་ ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ང་ཚོར་རང་བཙན་ཞིག་འཐོབ་པའི་དབང་དུ་གཏང་ནའང་། ༼གལ་སྲིད༽་བོད་ཀྱི་ངོ་བོ་དེ་ཉིད་མཐོང་མེད་སྔར་ས་ནས་ཡལ་ཚར་༼ན༽། རང་བཙན་ཞེས་པའི་མིང་སྐམ་པོ་དེས་ཕན་འདོགས་ཤིག་ག་ལ་འཆིས་སམ་ཟེར་་་་་། གལ་སྲིད་དང་་གཉིས་བརྒྱབ་ན་གང་དྲན་དྲན་བཤད་ན་འགྲིག་གི་རེད། དབུ་མའི་ལམ་གྱི་འཐབ་རྩོད་འདི་ལོ་ ༣༤ སོང་ཟིན་པ་རེད། དེ་བཞིན་ལོ་བརྒྱ་ཕྲག་མང་པོ་མི་འགོར་བའི་གདེང་ཚོད་ག་རེ་ཡོད། ཁྱེད་ཀྱིས་གསུང་པ་གོ་ལྡོག་ན་་་་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ང་ཚོར་ས་གནས་མི་རིགས་རང་སྐྱོང་འཐོབ་པའི་དབང་དུ་གཏང་ནའང་། ༼གལ་སྲིད༽་བོད་ཀྱི་ངོ་བོ་དེ་ཉིད་མཐོང་མེད་སྔར་ས་ནས་ཡལ་ཚར་༼ན༽། ས་གནས་མི་རིགས་རང་སྐྱོང་དེ་མིང་སྐམ་པོ་ཆགས་པ་མ་ཚད། ས་དང་རིགས་གནས་གཉིས་ཀ་མེད་པ་ཆགས་པ་རེད། རང་བཙན་ཡིན་ན་ཉུང་མཐའ་ཡང་ས་དེ་རང་བདག་ཆགས་པ་རེད་བཱ། བློ་གྲགས་ཀྱིས་་མི་རིགས་ཀྱི་འཐབ་རྩོད་ག་འདྲ་ཞིག་ཡིན་ནའང་། དེ་ནི་གཙོ་བོར་མི་རིགས་དེ་ཉིད་ཀྱི་བདེ་སྐྱིད་དང་ཁེ་ཕན་ལ་དམིགས་པའི་འཐབ་རྩོད་ཅིག་ཡིན་དགོས་པ་ནི་སུ་ལའང་སོམ་ཉི་མེད། གལ་སྲིད་སོ་སོའི་འཐབ་རྩོད་ཀྱི་དམིགས་འབེན་དེ་ཉིད་འགྲུབ་སོང་ན། དེ་ག་རང་གིས་འགྲིག་པ་རེད། ཨ་རིའི་མངའ་སྡེ་དཔེར་ན་California,Vermont,Texas,Hawaiiསོགས་ཀྱང་སྔོན་ཆད་རང་བཙན་ཡིན་པར་འདོད་ཀྱིས་ཡོད་ལ། ཁོང་ཚོ་ལའང་སོ་སོ་རང་ཉིད་ལ་དབང་བའི་རང་བཙན་གྱི་ལོ་རྒྱུས་མཚར་སྡུག་འོད་སྟོང་འབར་བ་ཞིག་ཡོད་མྱོང་ཡོད་པ་རེད་མོད། འོན་ཀྱང་ཕྱིས་སུ་སོ་སོའི་ཁེ་ཕན་དང་དགོས་དབང་ལ་བསྟུན་ནས་ཨ་རིའི་རྒྱལ་ཁབ་ཀྱི་མངའ་སྡེའི་ཚུལ་དུ་བསྡད་པ་རེད་ཟེར་་་་་། འདི་ཚོའི་རིགས་ཀྱི་དཔེར་བརྗོད་དེ་བོད་དང་རྒྱ་གཉིས་ལ་སྦྱར་བ་ནི། ར་མགོ་ལུག་སྦྱར་དང་ཞྭ་དཔེ་ལྷམ་སྦྱར་རང་རེད། པ་ཀི་སི་ཐན་རྒྱ་གར་དང་ཁ་གྱེས་བ་དང་། བྷང་དྷེ་ཤི་པ་ཀི་སི་ཐན་དང་ཁ་གྱེས་བ་རྣམས། མ་འོངས་པར་རྒྱལ་ཁབ་གཅིག་ཏུ་ཟླ་སྒྲིལ་རུང་བ་དང་རང་བཙན་གྱི་ལོ་རྒྱུས་རྩོད་མེད་བྱས་ན་འགྲིག བོད་དང་རྒྱ་གཉིས་འདི་དག་དང་གཅིག་མཚུངས་ལྟ་བུ་ལྟ་བ་ནི། བོད་མི་ཞིག་ལ་མཚོན་ན་རྩ་དོན་འཐབ་རྩོད་ཀྱི་ལྟ་བ་མ་བཤད་རུང་ཧ་ཅང་གི་ནོར་འཁྲུལ་ཡིན་སྙམ།  རང་བཙན་རྩོད་མཁན་ཚོས་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་མ་འགྲོ་བར་སྒུག་སྟེ་རེ་བ་བཅངས་མཁན་མེད། ཁོང་ཚོ་ཉིན་གཅིག་ཡིན་ནའང་མདུན་མཆོངས་བྱེད་རྒྱུ་ལས་ཁོར་ཡུག་དང་རང་འདེགས་ཟེར་ནས་སྡོད་མཁན་མིན། ཡིན་ནའང་ཁྱེད་རང་དང་ཡང་སྟེང་གཉིས་ཀ རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་མི་འགྲོ་བར་ཇི་ལྟར་བོད་ནང་ལོག་གི་ཡིན་ནམ། དོན་དངོས་རེ་སྒུག་བཅང་མཁན་དེ་ཁྱེད་རང་གཉིས་རེད་འདུག་གཱཧཧཧཧཧཧཧཧཧཧ ཡང་བློ་གྲགས་ཀྱིས་་་་ཞལ་ཆེམས་དེ་དག་གི་ནང་དུ་སུམ་ཆ་གཅིག་ཙམ་གྱིས་རང་བཙན་གྱི་འབོད་སྒྲ་བསྒྲགས་ནས་སྐུ་གཤེགས་པ་རེད”ཅེས་གསུངས་འདུག དེ་ནི་བདེན་པ་རེད་ལ། ཁོང་གིས་ཀྱང་ཉམས་ཞིབ་ལེགས་པོ་གནང་འདུག་མོད། འོན་ཀྱང་དེ་ཚོ་ནས་སུམ་ཆ་གཉིས་ཀྱིས་དབུ་མའི་ལམ་གྱི་དགོངས་པར་རྒྱབ་སྐྱོར་བྱས་ཡོད་པ་རེད། འོ་ན་ང་ཚོས་ཁོང་ཚོ་ནང་ནས་མང་མོས་ཀྱི་འདོད་དགོངས་ལ་བརྩི་མི་དགོས་སམ་ཟེར་་་ཁྱེད་ཀྱིས་སུམ་ཆ་གཉིས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད་ཅེས་གསུངས་འདུག ཁྱེད་རང་གིས་འབོད་ཚིག་སོགས་གང་ཞིག་ཁུངས་བགྲངས་ནས་གསུང་གི་ཡོད་ན།