ངོ་མ་ཡོད་ཚད་གཏོང་དགོས་སམ་།

དེ་རིང་ངས་འདི་ནས་འཇིག་རྟེན་པའི་གཏམ་བརྒྱུད་ཞིག་བཤོད་བཞིན་ཡོད་།

འདི་ནི་ང་དང་བུ་མེད་ཞིག་གི་གཏམ་བརྒྱུད་ཡིན་པས་ཁོང་འདྲ་བའི་བུ་མེད་ཚོར་ང་སེམས་གཏིང་ནས་དགོངས་དག་ཞུ། གཏམ་བརྒྱུད་འདི་ནི་རྟོག་བཟོ་བྱས་པ་ཞིག་མ་ཡིན་པར་དངོས་ཡོད་གནས་ཚུལ་ཞིག་ཡིན་ལ་ཀློག་པ་པོ་ཚོས་ཀྱང་ང་ལ་དགོངས་འཆར་གང་མང་གསུང་རྒྱུའི་རེ་བ་ཡོད་། ང་དང་སློབ་གྲྭ་གཅིག་པའི་བུ་མེད་ཞིག་ཡོད་། ང་གཉིས་མི་ལོ་གསུམ་ཙམ་གྱི་སྔོན་འབྲལ་བ་བྱུང་ནས་ད་བར་དངོས་འཕྲད་དམ་ཡང་ན་ཁ་པར་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་པ་མ་ཟད་སྙིང་གཏམ་ཡང་གང་མང་ཞིག་བཤོད་རིས་བྱེད་མྱོང་ཡོད་།

ལོ་གཅོག་ཙམ་གྱི་སྔོན་ཁོང་གིས་ང་ལ་ཁ་པར་བརྒྱུད་གསུངས་དོན་། རྡ་རམ་ས་ལའི་ཚོང་ཁང་ག་གེལ་མོ་ཞིག་གི་ནང་དུ་དེང་རབས་བུ་མེད་ཚོས་སྤྱོད་བྱེད་ཀྱི་ཁུག་མ་འདི་འདྲ་ཞིག་ཡོད་པ་དེ་ཉོས་ནས་ཁྱེར་ཡོང་རོགས་ཟེར་། ངས་ཁོང་རི་རེ་འདུན་དེ་དང་ལེན་བྱས་པ་ཡིན་ཡང་དོན་དངོས་ཐོག་རེ་འདུན་དེ་སྒྲུབ་ཐུབ་མ་སོང་། གང་ཡིན་ཟེར་ན་ཁུག་མ་དེའི་རིན་གོང་དང་ངའི་དངུལ་ཁུག་ནང་གི་དངུལ་གཉིས་ཅ་མ་མཉོམ་པས་ཡིན་པ་ལས་ཉོ་འདོད་མེད་པ་རྩ་བ་ནས་མིན་།

དེ་ལྟར་ཁོང་གིས་ང་ལ་རེ་འདུན་གང་མང་ཞིག་སྟོན་ཡོད་པ་ལས་རང་གིས་གང་ཐུབ་སྒྲུབ་ཁུལ་བྱས་པ་ཡིན་། གང་ཡིན་ཟེར་ན་ངའི་སེམས་པ་བུ་མེད་དེར་ཤོར་སོང་བས་རེད་། ངས་ཁོང་ལ་རེ་འདུན་གཅིག་རང་སྟོན་ཡོད་པ་ནི་ང་གཉིས་ལྷད་མེད་ཀྱི་བརྩེ་གྲོགས་ཞིག་བྱ་རོགས་ཟེར་དེ་རེད་། འོན་ཀྱང་ཁོང་ལ་དགའ་གྲོགས་གཞན་ཡོད་སྐོར་གསུངས་ནས་དང་ལེན་གནང་མ་བྱུང་།

འོན་ཀྱང་ཉེ་སྔོན་བར་ང་གཉིས་དབར་གྲོགས་པའི་འབྲེལ་བའི་ཐོག་ངས་ཁོང་ལ་རེ་སྒུག་བྱས་པ་ཡིན་། ཡང་ཉིན་ཞིག་ཁོང་གིས་ཁ་པར་ཐོག་ནས་གསུངས་དོན་། ཁོང་དང་དགའ་གྲོགས་བརྙིང་པའི་བར་འབྲེལ་མ་མེད་སྐོར་དང་མོ་རང་ཉིས་འགའི་རྗེས་སུ་ལྡི་ལིར་འགྲོ་དགོས་སྐོར་གསུངས་བྱུང་། ངས་ཀྱང་གོ་སྐབས་དམ་འཛིན་ཐོག་ང་གཉིས་དགའ་གྲོགས་བྱེད་དགོས་པའི་རེ་འདུན་སྟོན་པ་ཡིན་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་ངའི་རེ་འདུན་དེ་དང་ལེན་གནང་མ་བྱུང་། དེ་ལྟར་དུས་ཡུན་གང་ཙམ་སོང་རྗེས་སུ་སླར་ཡང་ཁོང་གི་ཁ་པར་བརྒྱུད་ནས་རེ་འདུན་གསར་པ་ཞིག་སྟོན་བྱུང་། དེ་ནི་ངས་ཁོང་ལ་ཧེན་སྒོར་གསུམ་སྟོང་སྐུར་ཡོང་རོགས་ཟེར་། སློ་བུར་དུ་ངའི་སེམས་ནང་གྲོགས་པོ་ཞིག་གིས་ལོ་གསུམ་གྱི་སྔོན་ང་ལ་གསུངས་པའི་སྐད་ཆ་ཞིག་ཡིན་ལ་ལྷང་ངེར་དྲན་བྱུང་། དེ་ནི་༼?????????)དང་འབྲེལ་བ་བྱ་སྐབས་ནན་གཏེན་མ་བྱས་ན་དངུལ་ཁུག་སྟོང་པ་བཟོ་ཡི་རེད་༽ཟེར་བ་དེ་རེད་། དྲེན་གསོ་དེས་རྐྱེན་པས་ངས་ཁོང་ལ་དོགས་པ་མ་བྱེད་ཐབས་མེད་བྱུང་ལ་ཁོང་གི་རེ་བ་དེ་ཡང་སྒྲུབ་མེད་། དོན་ངོ་མར་ངས་ཁོང་ལ་ཧེན་སྒོར་གསུན་སྟོང་སྤྲོད་མ་ཐུབ་པ་མེད་ཀྱང་།་ ཁ་རྒྱུན་ལ་་་་་་་སྤྲད་པའི་ངོ་གསོ་མེད་་་་་་་་་་་་་་་བཙོང་པའི་རིན་པ་མེད་་་་་་་་་་་་་་ཟེར་བ་ལྟབུ་ཞིག་གཏན་ནས་བྱ་འདོད་མེད་། མ་ཟད་ངས་ཁོང་ལ་འབྲེལ་བ་ཇི་རིང་དུ་བཏང་བ་ཡིན་། ཉིན་ཞིག་ཁོང་གིས་ཁ་པར་བརྒྱུད་ནས་གསུངས་དོན་། ཁ་སང་ངས་ཁྱོད་ལ་དངུལ་སྐུར་ཡོད་རོགས་ཞུ་པ་དེ་ནི་ཁྱོད་ཀྱིས་ང་ལ་བརྩེ་བ་ཡོད་མེད་ལྟས་པ་ཡིན་། ཁོད་ཀྱི་ང་ལ་བརྩེ་བ་མི་འདུག་ཟེར་། མ་ཟད་བུ་ཞིག་གིས་བུ་མེད་ཞིག་ལ་བརྩེ་བ་ངོ་མ་ཡོད་ན་དེའི་དོན་དུ་ཅི་ཞིག་ཡིན་རུང་བྱེད་ངེས་ལ་གཏོང་ཡང་ངེས་ཟེར་། སྐད་ཆ་དེ་ནི་ངའི་བསམ་ཡུལ་ལས་འདས་སྡོམ་ཚིགས་ཞིག་སྟེ་ངས་ནམ་ཡང་བུ་མེད་ཞིག་གི་དོན་དུ་རང་ཉིད་ཀྱི་ཡོད་ཚད་གཏོང་མི་ནུས་།

གྲོགས་པོ་རྣམས་པ་ལགས་། དོན་ངོ་མར་བརྩེ་དུང་གི་ངོ་བོ་དེ་འདྲ་ཞིག་ཡིན་ནམ་། དེ་ལྟར་ཡིན་ན་ངས་དོན་ངོ་མའི་བརྩེ་དུང་སུ་ལ་ཡང་སྤྲོད་ནུས་ལ་བུ་མེད་ཞིག་དང་དགའ་གྲོགས་བྱེད་པའི་ལས་དབང་དེ་ང་ལ་མེད་ངེས་རེད་། མ་ཟད་ཡིད་དུ་འོང་བའི་ཕོ་མོའི་དབར་གྱི་ཅི་འདྲའི་འཇིག་སྣང་དང་སྡུག་རྩུབ་ཆེ་བ་ཞིག་རེད་ཨང་།། །།