༄༅།། རང་དབང་ཟེར་བ་འཇའ་ལྟར་ཡལ།
རང་ས་གཞན་ལག་ཤོར་བའི་ལོ་ཟླ་དེ་མི་ལོ་ང་དགུ་ཡས་མས་ཟིན།
མནར་གཅོད་ཀྱིས་ཁྲག་རྒྱུན་ད་དུད་ཆད་མེད། ཁྱིམ་གཞིས་དང་ཕུགས་ནོར་ཧམ་ཐོབ་བྱས། འཇིགས་སྣང་གི་ལོ་རྒྱུས་ཤིག་རྫོགས་མེད།
དུས་རབས་གསར་པའི་ཕྲག་ཞབས་ན་ང་ཚོའི་ལས་དབང་།
སུ་ལ་གླེང་དགོས་སུ་ཞིག་གིས་ཆེད་དུ་ཡིན་ནམ།
མི་ཡུལ་གྱི་ལོ་རྒྱུས་ཁྲག་ལ་བརྫིས།
ཞི་བདེ་དང་ལྷིང་འཇགས་ལྡན་པའི་ཕ་ས་དུར་སར་བསྒྱུར།
རྒྱུ་འབྲས་ལ་སྣང་ཆུང་བྱས་པའི་འཇུག་འབྲས་གང་ངམ།
དུས་རབས་དེ་དམག་འཁྲུག་གི་དུས་རབས་ཡིན་ནམ།
མི་ཡུལ་གྱི ་བཅའ་ཁྲིམས་གང་དུ་བཞུགས་སམ།
འདྲ་མཉམ་དང་དམངས་གཙོའི་དུས་རབས་ནམ་ཞིག་ཡིན་ནམ།
མཉམ་འབྲེལ་དང་ལས་རིགས་ཀྱི་ཕྱག་ལས་ནམ་ཞིག་ཡིན་ནམ།
མི་ཡུལ་གྱི་ཆ་མཐུན་ཟེར་བའི་བརྡ་ཆད་དེ་དགོས་སམ།
དགྲ་བོ་ཟེར་བ་གང་ཞིག་ལ་ངོས་ཟིན་དགོས་སམ།
བྲན་གཡོག་དང་གཡོན་ལྷུང་གི་ལམ་ལུགས་གང་ངམ།
ད་དུང་་ད་དུང་ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
སུག་བྲིས་བགྱིས་སོ།། ༢༠༡༢ ༡༠ ༡༡