ས་མཚམས་འཐབ་རྩོད་ཀྱི་དམག་འཁྲུག་ལངས་ནས་མི་ལོ་ ༥༠ འཁོར་སོང་།
ཕྱི་ལོ་ ༡༩༥༤ ཟླ་ ༥ རྒྱ་དཀར་ནག་གཉིས་དབར་ཞི་མཐུན་མཉམ་གནས་ཀྱི་ཞི་བའི་དོན་ཚན་ལྔ་ Panchsheel ཞེས་པ་པེ་ཅིང་དུ་བཞག་པ་དང་། ལོ་དེའི་ཟླ་ ༦ ནང་རྒྱ་ནག་གི་སྲིད་བློན་ཀྲུའུ་ཨེན་ལེན་རྒྱ་གར་དུ་གཟིགས་སྐོར་ཐོག་མར་སླེབས་པ་དང་བསྟུན་ནས། རྒྱ་གར་གྱི་སྲིད་བློན་ནིའུ་རུ་གཙོ་བོར་གྱུར་པའི་དཔོན་རིགས་ཚོར། ཞི་མཐུན་མཉམ་གནས་ཀྱི་ཞི་བའི་དོན་ཚན་ལྔ་ Panchsheel ཞེས་པར་བརྩི་སྲུང་བྱེད་དགོས་སྐོར་ནན་བརྗོད་བྱས་་་་་་་་་
ཕྱི་ལོ་ ༡༩༥༥ ཟླ་ ༣ ནང་རྒྱ་ནག་གཞུང་འབྲེལ་གྱི་ས་ཁྲའི་ནང་། རྒྱ་གར་བྱང་ཕྱོགས་ས་མཚམས་ཀྱི་ས་ཆ་གཞི་རྒྱ་ཆེན་པོ་ཞིག་རྒྱ་ནག་མངའ་ཁུལ་གྱི་ས་ཆའི་ཁོངས་སུ་བཏང་བར། རྒྱ་གར་གཞུང་གིས་ངོ་རྒོལ་དང་སྦྲགས་ནས། ཞི་མཐུན་མཉམ་གནས་ཀྱི་ཞི་བའི་དོན་ཚན་ལྔ་ལ་ Panchsheel ཞེས་པར་རྒྱ་ནག་གཞུང་གིས་བརྩི་སྲུང་བྱེད་ཀྱི་མེད་པའི་ཁྱབ་བསྒྲགས་བྱས། ཕྱི་ལོ་ ༡༩༥༦ ཟླ་ ༡༡ ནང་ཀྲུའུ་ཨེན་ལེན་རྒྱ་གར་དུ་གཟིགས་སྐོར་ཐེངས་གཉིས་པར་སླེབས་ནས། རྒྱ་དཀར་ནག་གཉིས་ཀ་ཞི་མཐུན་མཉམ་གནས་ཐུབ་ཐབས་ཀྱི་རྣམ་འགྱུར་བཏོན། ཕྱི་ལོ་ ༡༩༥༨ ཟླ་ ༩ ནང་རྒྱ་ནག་གཞུང་གིས། རྒྱ་གར་གྱི་བྱང་ཕྱོགས་ཨ་སམ་ཁུལ་གྱི་ས་ཆ་གཞི་རྒྱ་ཆེན་པོ་རྒྱ་ནག་གི་མངའ་ཁོངས་སུ་ཡིན་པའི་སྐོར་རི་མོ་དང་འདྲ་པར་སོགས་བཟོས་པར། རྒྱ་གར་གཞུང་གིས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ། གོང་བརྗོད་ཨ་སམ་གྱི་ས་ཆ་དེ་༼དེང་སྐབས་ཨ་རོན་ནཱ་ཅལ་མངའ་སྡེ་ཆགས་ཡོད།༽
ཕྱི་ལོ་ ༡༩༥༩ ཟླ་ ༡ ནང་ཀྲུའུ་ཨེན་ལེན་གྱིས། རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་ལ་དྭགས་ཁུལ་གྱི་ས་ཆ་ཀི་ལོ་མཱི་ཊར་གྲུ་བཞི་མ་ ༤༠༠༠༠ རྒྱ་ནག་བདག་དབང་ཡོད་སྐོར་འགྲེལ་བརྗོད་ཤུགས་ཆེར་བྱས་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༨ ནང་རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ཤར་ཁུལ་དུ་དམག་འཐབ་བྱས་ཏེ་རྒྱ་གར་གྱི་དམག་མི་མང་པོའི་སྲོག་ཤོར་ཡོད་ལ། ད་དུང་རྒྱ་ནག་གི་དམག་དཔུང་ལ་དྭགས་བྱང་ཤར་ཁུལ་དུ་མདུན་བསྐྱོད་བྱས། ཕྱི་ལོ་ ༡༩༥༩ ཟླ་ ༩ ནང་རྒྱ་ནག་གཞུང་གིས། ༼ཕྱི་ལོ་ ༡༩༡༤ ལོར་རྒྱ་གར་དབྱིན་གཞུང་དང་བོད། རྒྱ་ནག་དབར་བཞག་པའི་གྲོས་མཐུན་མེག་མཱོ་ཧོན་ལིན་ McMahon Line ལ་༽ངོས་ལེན་མེད་པའི་ཁྱབ་བསྒྲགས་བྱས་པ་དང་། སི་ཀིམ་ཕྱོགས་ཀྱི་ས་ཆ་ཀི་མི་ཊར་གྲུ་བཞི་མ་ ༥༠༠༠༠ རྒྱ་ནག་གི་མངའ་ཁོངས་ཡིན་པའི་ཁྱབ་བསྒྲགས་བྱས།
ཕྱི་ལོ་ ༡༩༥༩ ཟླ་ ༡༠ ནང་རྒྱ་གར་གྱི་ས་ཆ་་Aksai chin ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་གཡུལ་འགྱེད་བྱས་པས། རྒྱ་གར་གྱི་དམག་མི་དགུ་བསད་པ་དང་བཅུ་འཇུ་བཟུང་བྱས་ཡོད། ཕྱི་ལོ་ ༡༩༦༠ ཟླ་ ༤ ནང་ལྡི་ལི་གསར་པའི་ནང་། རྒྱ་ནག་གི་སྲིད་བློན་ཀྲུའུ་ཨེན་ལེན་དང་རྒྱ་གར་གྱི་སྲིད་བློན་ནིའུ་རུ་གཉིས་ལྷན་འཛོམས་ཀྱིས་ས་མཚམས་འཐབ་རྩོད་ཞི་འཇམ་ཡོང་ཐབས་སུ་གྲོས་མོལ་བྱས། ཕྱི་ལོ་ ༡༩༦༡ ཟླ་ ༡༢ ནང་རྒྱ་ནག་གཞུང་གིས། རྒྱ་གར་གྱི་ས་མཚམས་ཁག་ཏུ་དམག་གྲ་བསྒྲིགས་ནས་གཡུལ་འགྱེད་ཀྱི་སྟ་གོན་བྱས། ཕྱི་ལོ་ ༡༩༦༢ ཟླ་ ༩ ནང་རྒྱ་ནག་གི་དམག་དཔུང་མེག་མཱོ་ཧོན་ལིན་ McMahon Line བརྒལ་ནས་དཔུང་བསྐྱོད་ཀྱིས། རྒྱ་དཀར་ནག་གཉིས་དབར་གཞི་རྒྱ་ཆེ་བའི་དམག་འཁྲུག་ལངས་ནས་ཁྲག་དང་མིག་ཆུའི་ལོ་རྒྱུས་འབྲི་འགོ་བཙུགས། ཕྱི་ལོ་ ༡༩༦༢ ཟླ་ ༡༠ ཚེས་ ༢༠ ནས་རྒྱ་ནག་གཞུང་གིས་དམག་ཤུགས་ཆེ་རུ་བཏང་ནས། ༼ཧིན་བོད་ས་མཚམས་༽ དེང་སྐབས་རྒྱ་དཀར་ནག་གི་ས་མཚམས་འབོད་པའི་ལ་དྭགས་དང་མོན་ཕྱོགས་སུ་དཔུང་འཇུག་བྱས། ཕྱི་ལོ་ ༡༩༦༢ ཟླ་ ༡༡ ཚེས་ ༢༡ ཉིན་ཕྱོགས་གཉིས་ཀས་གཡུལ་འགྱེད་མཚམས་འཇོག་བྱས།
དྲ་གྲོགས་ཚོ། རྒྱ་བོད་གཉིས་དབར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེ། དང་པོ་གཏོར་བཤིག་དང་བརྩི་སྲུང་མི་བྱེད་མཁན་དེ་རྒྱ་ནག་གཞུང་རང་རེད་ལ། དེ་བཞིན་རྒྱ་དཀར་གཉིས་དབར་ཞི་མཐུན་མཉམ་གནས་ཀྱི་ཞི་བའི་དོན་ཚན་ལྔ་ Panchsheel ཞེས་པ་དེའང་། དང་པོ་གཏོར་བཤིག་དང་བརྩི་སྲུང་མི་བྱེད་མཁན་དེ་རྒྱ་ནག་གཞུང་རང་ཆགས་ཡོད། དམར་གཞུང་འདིས་ཁྲིམས་དང་སྒྲིག་གཞི། གྲོས་མཐུན་དང་ཆིངས་ཡིག་སོགས་ལ་བརྩི་སྲུང་བྱས་པའི་ལོ་རྒྱུས་མེད། མ་གཞི་ནས་རྒྱ་ནག་གཞུང་ཁོ་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ལའང་བརྩི་སྲུང་བྱེད་ཀྱི་མི་འདུག་པས་་་་་་་་་་་་་་་་་་་??????????
དུས་ཚོད་ཀྱི་དབང་གིས་ཞིབ་ཕྲ་བྲིས་ཐུབ་མ་སོང་རྗེས་སུ་དུས་ཚོད་རག་ཚེ་མུ་མཐུད་ཆོག