༄༅།། ལྷ་སའི་ཁྱིམ་གཞི་དྲན།
དབུས་ཕྱོགས་ལྷ་སའི་མཚན་ལྗོངས་སེམས་ལ་འཁོར།།
གཙང་བོའི་གཤོང་ལམ་མདོ་ནས་འཆར་ཡན་དེ།།
རྨི་ལམ་ངོ་ཁ་འདི་ན་ད་དུང་འཆར།།
གྲོག་ཆུའི་རླབས་རྒྱུན་ཁྲོད་ནས་ཚོར་སྣང་རེ།།
ས་མཐའི་བུ་ལ་སེམས་གསོ་མངར་མོ་རེ།།
རེ་སྒུག་ཁྲོད་ནས་གྲོག་ཆུའི་སྙན་གླུ་དྲན།།
ཕ་མཁར་མཐོན་པོའི་གསེར་འོད་དྲན་ཐེངས་རེ།།
དབུས་ལྗོངས་ལྷ་སའི་སྣང་བརྙན་སེམས་ལ་འཁོར།།
སྙིང་དབུས་དཀྱིལ་ལ་བུ་ཡིག་ནག་པོ་ལྔང་།།
སྙན་པའི་གྲགས་སྙན་འབར་སའི་དབུས་ལྗོངས་ཡུལ།།
ཁ་བའི་རླུང་རྟ་དར་སའི་ཕ་ཡུལ་དེ།།
བརྗེད་མེད་སེམས་ཀྱི་དཀྱིལ་ན་ཡང་ཡང་ལྡང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་འབོད་པས་བཞུགས་སྒར་ནས་སུག་བྲིས་སོ། ༢༠༡༢ ༡༠ ༡༩