༄༅།།གྲོས་ཆོད་དོན་ཚན་བཅུ་བདུན་།

སྤྱི་ལོ་༢༩༥༢ཟླ་༥ཚེས་༢༣ཉིན་རྒྱ་ནག་གཞུང་གི་འཐུས་མི་དབང་ཆ་ཙང་མ་ཡོད་པ་སླིའི་འུས་ཧན་དང་།    ཀྲང་ཅིང་ཨུ་།    ཀྲང་གོ་ཧྭ་།        སུང་ཀྲི་ཡོན་དང་།

བོད་ཀྱི་འཐུས་མི་དབང་ཚད་ཆ་ཚང་ཡོད་པ་ང་ཕོད་དང་།      བསོད་ནམས་དབང་འདུད་།

ཐུབ་བསྟན་བསྟན་དར་།    ཐུབ་བསྲན་ལེགས་སྨོན་།  བསམ་ཕོ་བསྟན་འཛིན་དོན་གྲུབ།

བཅས་ཀྱིས་གྲོས་ཆོད་དོན་ཚན་བཅུ་བདུན་འདི་བཞག་པ་རེད་།

༡༽བོད་ཀྱི་མི་དམངས་རྣམས་མཐུན་བསྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས་།        བོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས་།

༢༽མི་དམངས་བཅེངས་བཀྲོལ་དམག་བོད་དུ་བསྐྱོད་དེ་རྒྱལ་ཁབ་བརྟན་པོ་སྲུང་རྒྱུ་ལ་བོད་ཀྱི་ས་གནས་སྲིད་གཞུང་ནས་རོགས་རམ་ལྷུར་ལེན་བྱེད་རྒྱུ་།

༣༽ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐུང་ཀང་ལིང་གི་མི་རིགས་སྲིད་ཇུས་སྟེ་།

ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཅིག་བསྒྲེལ་གྱི་འགོ་འཁྲིད་འོག་བོད་ཀྱི་མི་དམངས་ལ་མི་རོགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད་།

༤༽བོད་ཀྱི་ཆབ་སྲིད་ལམ་སུགས་ད་མུས་ལ་ཀྲུང་དབྱང་གིས་བསྒྱུར་བཅོད་མི་བྱེད་པར་།

ཏྭ་ལའི་བླ་མའི་སྔ་ཡོད་གོ་གནས་དང་དབང་ཆ་ཡང་ཀྲུང་དབྱང་ནས་བསྒྱུར་བཅོད་མི་བྱེད་།

དཔོན་རིགས་མཐོ་དམན་རྣམས་ཀྱང་སྔར་བཞིན་གནས་རྒྱུ་།

༥༽དཔན་ཆེན་ཨེར་ཏེ་ནེའི་སྔར་ཡོད་གོ་གནས་དང་དབང་ཆ་རང་འཇགས་གནང་དགོས་།

༦༽ཏྭ་ལའི་བླམ་དང་།    པན་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་ཞེས་པ་།       ཏྭ་ལའི་བླ་མ་སྐུ་འཕྲེང་བཅུ་གསུམ་པ་དང་།   པན་ཆེན་ཨེར་ཏེ་ནི་སྐུ་འཕྲེང་དགུ་པ་མཐུན་པའི་སྐབས་ཀྱི་གོ་གནས་དང་དབང་ཆ་།

༧༽ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐུང་ཀང་ལིང་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་བྱས་ལག་ལེན་བྱས་ཏེ་།      བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང་ཡུལ་གྱི་གོམས་པའི་གཤེས་ལུགས་སོགས་ལ་བརྩེ་འཛིན་བྱེད་རྒྱུ་དང་།

དགོན་པ་གྲྭ་ཚང་ལ་སྲུང་སྐྱོབ་བྱེད་རྒྱུ་།      དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོད་མི་བྱེད་།

༨༽བོད་ཀྱི་དམག་སྒར་རིམ་གྱིས་བཅེངས་བཀྲོལ་དམག་ལ་ཚུར་བརྒྱུར་ནས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྲུང་བའི་དྲག་ཤུགས་ཁག་གཅིག་ཏུ་བསྒྲུབ་རྒྱུ་།

༩༽བོད་ཀྱི་གནས་ཚུལ་དངོས་ཡོད་གཞིར་བཟུང་སྟེ། རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང་།

ཡི་གེ་། སློབ་གྲའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ་།

༡༠༽བོད་ཀྱི་གནས་ཚུལ་དངོས་ཡོད་གཞིར་བཟུང་སྟེ་།       རིམ་གྱིད་བོད་ཀྱི་ོ་ནམ་དང་།     འབྲོག་ལས་།    བཟོ་ལས་།      ཚོང་ལས་རྣམས་གོང་འཕེལ་དུ་བཏང་ནས་མི་དམངས་ཀྱི་ལྟོ་གོས་སོགས་ཇེ་ལེགས་སུ་གཏོང་རྒྱུ་།

༡༡༽བོད་ཀྱི་ལས་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་བཤེད་ཀྱིས་མི་བྱེད་པར་།        བོད་ཀྱི་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང་།       མི་དམངས་ནས་ལེགས་བཅོས་བྱེད་དགོས་ཞུ་དུས་།          བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱིས་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ་།

༡༢༽སྔར་ཕན་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་།  མོ་མིན་ཏང་ལ་ཉེ་འབྲེལ་བྱེད་པའི་དཔོན་རིགས་ནས་།        ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་།  གོ་ནིན་ཏང་ལ་འབྲེལ་ཐག་མཐར་པྱིན་པ་བཅད་དེ་།   ད་ཕྱིན་ངོ་ལོག   སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇགས་བྱེད་ཆོག་པར་སྔར་བྱས་ལ་རྩད་གཅོད་མི་བྱེད་།

༡༣༽བོད་བསྐྱོད་མི་དམངས་བཅེངས་བཀྲོལ་དམག་གིས་གོང་གསལ་དོན་ཚེན་རྣམས་ཀྱི་སྲིད་བྱུས་ལ་སྲུང་བརྩེ་བྱེེད་རྒྱུ་མ་ཟད་།      ཉོ་ཚོང་དྲག་བཞག་། མི་དམངས་ཀྱི་ཁབ་སྐུད་པ་ཙམ་ཡང་གང་བྱུང་མི་ལེན་།

༡༤༽ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ཀྱི་ས་གནས་སུ་བྱུང་བའི་ཕྱི་འབྲེལ་གྱི་ལས་དོན་མཐའ་དག་གཅིག་འབྲེལ་གྱི་སྒོ་ནས་བྱེད་རྒྱུ་དང་། འདྲ་མཉམ་གཉིས་ཕན་ཕན་ཚུན་གྱི་མངའ་ཁུལ་དང་།  རང་བཙནགྱིི་དབང་ཆ་ལ་བརྩིས་འཇོག་ཐོག། ཉེ་འདབ་རྒྱལ་ཁབ་དང་ཞི་མཐུན་གནས་རྒྱུ་མ་ཟད་།        དྲང་འབྲེལ་གྱི་ཚོང་ལས་འཛུགས་རྒྱུ་དང་།   གོང་འཕེལ་གཏོང་རྒྱུ་།

༡༥༽གྲོས་མཐུན་འདི་ཉིད་ལག་ལེན་དུ་བསྟར་བའི་འགན་ལེན་།               ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ལ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་།    ས་གནས་དམག་སྒར་གྱི་དམག་སྤྱི་འཛུགས་རྒྱུ་དང་།  ཀྲུང་དབྱང་ནས་བཏང་བའི་ལས་བྱེད་མ་ཚད་།        བོད་ཀུལ་གྱི་ལས་བྱེད་པ་ཡང་གང་མང་རུག་སྟེ་ལས་ཀ་བྱ་རྒྱུ་།     དམག་སྲིད་ཨུ་ཡོན་ལྷན་ཁང་ནང་འགྲོ་མཁན་རྣམས་བོད་ཀྱི་ས་གནས་སྲིད་གཞུང་དང་།     ཡུལ་ཕྱོགས་སོ་སོ་།      དགོན་པ་གཅོ་ཆེ་བཅས་ནས་རྒྱལ་ཁབ་ལ་ཤ་ཞེན་ཡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བསྐོས་པའི་འཐུས་མི་དང་། གནད་ཡོད་ཀྱི་ཕྱོགས་ཚང་མ་མཉམ་གྲོས་ཐོག་ནས་མིང་ཐོ་ཕུལ་ཏེ་ཀྲུང་དབྱང་མི་དམང་སྲིད་གཞུང་ལ་བསྐོ་གཞག་གནང་བ་ཞུ་རྒྱུ་།

༡༦༽དམག་སྲིད་ཨུ་ཡོན་ལྷན་ཁང་དང་།           ས་གནས་དམག་སྤྱི་ཁང་། བོད་བསྐྱོད་མི་དམངས་བཅེངས་བཀྲོལ་དམག་བཅས་ཀྱི་འགྲོ་སོང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཏོང་རྒྱུ་།    བོད་ཀྱི་ས་གནས་སྲིད་གཞུང་ནས་མི་དམངས་བཅིངས་བཀྲོལ་དམགས་ལ་འབྲུ་དང་།

གཞན་ཡང་ཉེ་མཁཔ་བསྒྲུབ་རྒྱུ་།            སྐྱེལ་འདྲེན་བཅས་ལ་སོགས་རམ་བྱེད་རྒྱུ་།

༡༧༽གྲོས་མཐུན་འདི་ཉིད་མིང་རྟགས་བཀོད་འཕྲལ་རྩ་བར་བཟུང་སྟེ་ལག་ལེན་བྱེད་རྒྱུ་།། །།

བཅས་གསུང་ཡོད་པ་འདི་དང་༧གོང་ས་མཆོག་གིས་གསུང་པའི་དབུ་མའི་ལམ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་མེད་ལ་དྲྭ་གྲོགས་ཚོས་དགོངས་འཆར་གསུང་རོགས་།