བུད་མེད་གླེང་བ།
བུད་མེད་ནི་བླ་ན་མེད་པའི་གང་ཟག་ཅིག་རེད་ཅེས་ཁ་ཕོ་ཆེ་མ་ནུས་ན་ཡང་། ཐུན་མིན་གྱི་ནུས་མཐུ་སྟེ་བྱམས་བརྩེ་དང་། ལྷག་བསམ་ཅན་ཞིག་རེད་ཅེས་སྤོབས་པའི་ཐོག་ནས་བཤད་ཆོག སྐབས་དོན་བཤད་འདོད་པ་ནི་བུད་མེད་ཀྱི་ནུས་པ་དང་འཚམ་པའི་གར་སྟེགས་རེར་ཆེས་ཕུལ་བྱུང་གི་ལག་རྗེས་རེ་བཀོད་ནུས་པ་ནི་རང་ཉིད་ཀྱི་འཇོན་ནུས་རེད། ཡིན་ན་ཡང་བུད་མེད་ཕལ་མོ་ཆེའི་རང་གཤིས་ལ་བག་ཁུམ་དང་ཞུམ་སེམས།
ད་དུང་རང་ཉིད་ནང་ལས་ཙག་ཙིག་བྱེད་མཁན་གྱི་འདུ་ཤེས་འཛིན་ཏེ་སློབ་སྦྱོང་དང་ལས་རིགས་གང་སྤྱིའི་ཐད་ལ་སློབ་འདོད་ཆུང་བ་དང་། ལྷག་པར་དུ་བོད་ཀྱི་བུད་མེད་ཀྱི་ནང་དེ་རིགས་མང་པོ་ཡོད་སྟབས་སྙན་གྲགས་ཅན་གྱི་བུད་མེད་ཡར་ཐོན་པ་དཀོན་པོ་ཡོད་པ་རེད། དེ་ནི་ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་ཕྱོགས་གཞན་ཞིག་ནས་རང་ཉིད་ལ་སྤོབས་སེམས་ཆུང་བས་རེད། དེས་ན་བུད་མེད་ཀྱི་ནུས་པ་ཡར་ཐོན་དགོས་ན། བུད་མེད་ཚོའི་བློ་རིག་ལ་ངར་ཤུགས་དང་སེམས་ཁམས་ལ་བཅད་བརྡར་བྱེད་དགོས། དེ་འདྲ་བྱས་ན་ད་གཟོད་བུད་མེད་ཀྱི་ནུས་པ་ངོ་མ་དེ་བེད་སྤྱོད་ཐུབ་པ་ཡིན།
ཀློག་པ་པོ་དང་དྲ་གྲོགས་ཚང་མས་གནད་དོན་དེའི་ཐོག་ཁ་ཞེ་གཉིས་མེད་ཀྱི་བགྲོ་གླེང་གནང་རོགས་ཞུ།