རང་སྲེག་ངོ་རྒོལ་བ་རྩིས་སྤྲད་ན་དངུལ་རྔན་སྤྲོད་རྒྱུའི་གསལ་བརྡ།
རང་ལུས་མེར་སྲེག་གཏོང་འཆར་ཡོད་མཁན་སུ་ཡིན་གྱི་སྐོར་ལ་གསང་བརྡ་སྤྲོད་མཁན་ཚོར་རྒྱ་སྒོར་ཁྲི་ལྔ་རེའི་དངུལ་རྔན་སྤྲོད་རྒྱུ་ཡིན་ཞེས་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ནས་ཟླ་འདིའི་ཚེས་༢༡ གསལ་བསྒྲགས་སྤེལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་ལ་རང་སྲེག་ངོ་རྒོལ་གཅིག་རྗེས་གཉིས་མཐུད་བྱེད་བཞིན་ཡོད་པ་དང། ཉེ་བའི་ཆར་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ནས་རང་སྲེག་གཏོང་འཆར་ཡོད་མཁན་བོད་མིའི་སྐོར། ས་གནས་ཉེན་རྟོག་ཁང་དུ་དོན་རྐྱེན་མ་བྱུང་སྔོན་ལན་བསྐྱལ་ཚེ་དངུལ་རྔན་བྱ་དགའ་རྒྱ་སྒོར་ཁྲི་ལྔ་ཡོད་ཅེས་དང་། ཉེ་བའི་ཆར་རང་སྲེག་ངོ་རྒོལ་བ་བཞི་གོ་སྒྲིག་བྱེད་མཁན་ལག་ནག་ (Black Hands) སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ལ་རྒྱ་སྒོར་འབུམ་གཉིས་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ཀྱི་གསལ་བསྒྲགས།
བསང་ཆུ་རྫོང་དུ་རྡོ་རྗེ་རིན་ཆེན་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་སྐབས།
རྡོ་རྗེ་རིན་ཆེན་གྱིས་རང་ལུས་མེར་སྲེག་རྗེས། ཉེན་རྟོག་པས་ཕུང་པོ་འཕྲོག་རྩིས་བྱེད་སྐབས།
http://www.tibetexpress.net/bo/home/2010-02-04-05-37-19/9485-2012-10-23-12-08-13


