བོད་ཡིག་ཟིན་བྲིས་ཀྱི་ཁ་ཕྱོགས།

མཛམ་གླིང་སྤྱིའི་འགྱུར་མགྲོས་དང་བསྟུན་ནས་བོད་ཡིག་གི་རྒྱུད་ལམ་ཡང་ངོ་དེབ་(facebook)སོགས་སུ་བེད་སྤྱོད་གནང་ཆོག་གི་ཡོད་པ་མ་ཟད་བོད་པ་རང་གི་བདག་གཉེར་བྱེད་པའི་བོད་ཀྱི་བང་ཆེན་དང་དུས་བབ་སོགས་ཀྱི་ཟིན་བྲིས་ནང་རང་ཉིད་ཀྱི་ཤེས་ཚད་དང་འཚམས་པའི་མཆན་འབྲི་བ་དང་ཟིན་བྲིས་སྤེལ་བའི་ས་དམིགས་སྣེ་འཛོམས་བསྐྲུན་ཐུབ་ཡོད་།

དམིགས་བསལ་བོད་ནང་མཚོ་སྔོན་ཟིན་བྲིས་དང་སེང་རྡོ་དྲ་བ་སོགས་ཀྱི་ད་བར་གཞིས་བྱེས་བར་ཀྱི་ཟམ་པ་ལྟར་བུའི་འབྲེལ་ལམ་འཛུགས་ཏེ་བོད་ཡིག་ཟིན་བྲིས་པ་མི་ཉུང་བ་ཞིག་གི་འདོད་བློ་ཁེངས་པ་བྱུང་ཡོད་།  འོན་ཀྱང་མཛམ་གླིང་སྟེང་མི་རིགས་གཞན་ཀྱི་ཡིག་གེ་དང་བསྡུར་ན་མཐུས་སྒོ་ཚང་བའི་བོད་ཡིག་དྲ་བ་ནི་ད་སྔར་མིག་ལམ་དུ་ཤར་མེད་།  གནད་ལུགས་འདི་དག་ནི་རྒྱུན་ལྡན་ཀྱི་གནས་ཚུལ་ཙམ་ལས་ཧ་སང་དགོས་པ་དང་ཡིད་སྐྱོ་དགོས་པའི་གནས་ལུགས་ཞིག་མིན། དྲང་མོ་བཤད་ན་བོད་ཡིག་བད་སྤྱོད་གནང་མཁན་ནི་དགེ་འདུན་པ་དང་བོད་ནས་ཕེབས་པའི་སློབ་གྲ་བ་རེ་གཉིས་ཤིག་ལས་མེད་།  དེ་ཡང་གསལ་པོ་ཞུས་ན་བཙན་བྱོལ་ནང་ཁམས་པའི་དགེ་འདུན་པ་དང་ཨ་མདོའི་སློབ་གྲ་བ་ཉུང་ཆས་ཤིག་གི་བོད་ཡིག་དྲ་བའི་ཐོག་ནུས་ཤུགས་རྒྱབ་ཏེ་གྲུབ་འབྲས་སྟོན་གནང་བ་ཞིག་ཡིན་ལབ་ཆོག། གང་ལྟར་བཙལ་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཡིག་ཟིན་བྲིས་པའི་ཁ་གྲངས་མང་པོ་མེད་རུང་ལེགས་ཆ་འཕེལ་རིམ་ལ་བལྟས་ན་དགའ་བ་སྐྱེ་འོས་པ་དང་སྤོགས་པ་ཡང་གནང་ཆོག་པ་ཞིག་རེད་།  ཡིན་ན་ཡང་ཡར་རྒྱས་ལ་མཐའ་མེད་པས་གྲུབ་འབྲས་ལ་ཆོག་ཤེས་མ་གནང་བར་ང་ཚོ་ངེས་པ་ཏུ་མདུན་བསྐྱོད་གྱི་ལམ་ལ་འགྲོ་དགོས་ན་ད་ནས་བོད་ཡིག་གི་ཆེད་དུ་བོད་མི་རིགས་ཀྱི་སྐད་ཡིག་མ་བརླགས་པ་གནང་གལ་ཆེ་བས་དེ་རིང་ནས་རང་གི་འོས་འགན་ལྟར་ཛ་དྲག་གི་ལས་འགུལ་སྤེལ་བའི་དུས་ཚོད་ཧ་ཅང་རིན་ཤོས་ཡིན་པ་མཐོང་། དེ་ཡང་བརྗོད་དོན་གཞན་ཞིག་ནི་བོད་ཡིག་ཟིན་བྲིས་པའི་ཀུན་སྤྱོད་དང་འོས་འགན་སྐོར་ཡིན་། ཟིན་བྲིས་པ་རང་ཉིད་ནས་དགོས་དབང་གི་སྨྱུག་མིང་དང་མིང་གཞན་བད་སྤྱོད་གནང་ཡང་ཆོག  འོན་ཀྱང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་བསམ་ཞིབ་ཙམ་ཡང་མ་གནང་པ་ཡིན་ན་ཆིག་སྒྲིག་གཏོར་བ་སོགས་དགྲ་དགའ་གཉིན་སྡུག་གི་ལས་དོན་མང་པོ་ཞིག་ཡོང་ཉེས་ཆེ་། དཔེ་ན་རྒྱ་གར་ལྟར་བུ་རང་དབང་ཧ་ཅང་ཚད་མཐོ་པོ་ཡོད་པའི་གཞུང་གི་གནད་འདི་ལ་ལྟ་སྲུང་ནད་མོ་བྱེད་དགོས་ཐུབ་ཡོད་། ང་ཚོ་བོད་པ་རྣམས་ནས་ཀྱང་ངེས་པ་ཏུ་རང་མི་རིགས་ཀྱི་བཟང་སྤྱོད་དང་མ་འགལ་བའི་ཐོག་དགྲ་བོའི་དགོས་མཁོ་ལ་གདོང་ལེན་གནང་ཐུབ་པ་ཞིག་བྱེད་གལ་ཆེ་།