སེམས་ཀྱི་ན་ཚ།

ང་ད་དུང་ན་ཚ་གཏན་ནས་དྲག་མ་སོང། ན་ཚ་འདི་མ་དྲག་པའི་སྔ་རོལ་དུ་ད་དུང་ཡང་བསྐྱར་ན་ཚ་ཆེན་པོ་ཞིག་བཟོས་སོང།
འདི་ནི་མི་ལོ་ལྔ་ཅུའི་ན་ཚ་ཡིན་ལ། དེ་རིང་ཁ་སང་ན་ཚ་འདི་སེམས་ཀྱིས་ཆེས་བཟོད་དཀའ་བའི་གནས་སུ་གྱུར་ཡོད།
བདག་གི་ཕ་ཡུལ་ནས་ཕ་མ་ཕུ་ནུ་ཚོ། ལོ་གྲངས་ཇི་ཙམ་རིང་ན་ཟུག་འདི་འཁུར་དགོས་སམ། ཀྱེ་མ། བཙན་བྱོལ་བ། ཁ་ནས་བཤད་ཤེས་པ་ཙམ་གྱིས་ཡོད་ཚད་འཇོན་ཡོད་དམ། ངས་བལྟས་ན་བཙན་བྱོལ་བ་མང་པོ་ཞིག་གི་མི་སེམས་ངོ་མ་དེ་ཤི་ཟིན་པ་འདྲ།
བོད་ནང་གི་བོད་མི་ཇི་ཙམ་མེར་བསྒྲོན་ནའང། ཁ་ནས་བཤད་ཙམ་བཤད་ཙམ་བྱེད་པ་ལས་མིང་དོན་མཚུངས་པའི་ལས་
དོན་ཞིག་ཧ་ཅང་དཀའ་ཚོད་རེད། ད་དུང་སྤུན་ཟླ་ག་ཚད་ཅིག་གི་ལུས་སྲོག་གཏོང་དགོས་སམ། ང་ངོ་མ་ན་ཚ་འདི་གཏན་ནས་བཟོད་ཐབས་བྲལ།