རྒྱ་དཔོན་ཞི་ཅིང་ཕིང་གིས་མ་འོངས་པར་ཁ་ཕྱོགས་དགོས་པའི་དཀའ་གནད་ཁག་བཅུ་གཉིས་སྐོར།

images/idoblog/upload/9816387411/preview/small_xi_jinping_voa_177px.jpgཕྱི་ལོ  ༢༠༡༢  ཟླ  ༡༠  ཚེས  ༢༦  ཉིན་གྱི་དགོང་མོར། རྒྱ་ནག་དམར་ཤོག་སྐབས་བཅུ་བདུན་པའི་དབུས་ཆབ་སྲིད་རྒྱུན་ལས་ཐེངས་ཞེ་གཅིག་གི་ཚོགས་འདུའི་ཐོག ཞི་ཅིང་ཕིང་གིས་འཐུས་ཚོགས་སྐབས་བཅོ་བརྒྱད་པའི་ཚོགས་འདུའི་གོ་རིམ་དང་ལས་དོན་བྱེད་ཕྱོགས་སྙན་སེང་ཞུས་ཤིང། ལས་དོན་དེའི་རྒྱུན་རིང་ནང་འགག་རྐྱེན་དང་གྲོས་གཞིའི་ཐོག་གླིང་རྙོགས་དང་ལྡོག་ཕྱོགས་ཀྱི་གནས་སྟངས་ཁག་བཅུ་གཉིས་ཟུར་བཏོན་བྱས་འདུག་པར་གཤམ་གསལ།

དང་པོ། དམར་ཤོག་ཚོགས་པའི་ནང་ཁུལ་ནས་དམར་ཤོག་གི་གཞི་རྩའི་ལམ་ཕྱོགས་དང། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ལམ་བུར་སྤྱོད་པའི་གོ་དོན་ངོས་འཛིན་བྱེད་སྟངས་དང་ཤེས་རྟོག་སྐོར་བསམ་འཆར་མི་འདྲ་བ་བྱུང་བ་མ་ཟད། དེར་ལྡོག་ཕྱོགས་ཀྱི་བསམ་ཚུལ་དང་རྩོད་གླེང་ཆེ་ཞིང། གཞི་རྒྱ་ཆེན་པོའི་ཤུགས་རྐྱེན་ཐེབས་བཞིན་པ།

(一)党内对坚持党的基本路线、走中国特色社会主义道路的内涵认识和理解出现分歧、争议,而且分歧、争议大,影响面广;

 

གཉིས་པ།  མཱ་ཁེ་ཟི་རིང་ལུགས་དང་མཱའོ་ཙེ་ཏུང་གི་བསམ་བློ། ཏཱིང་ཞོ་ཕིང་གི་རིག་པའི་གཞུང་ལུགས་ཀྱི་ལྟེ་བའི་ལང་ཕྱོགས་བཅས་ཕན་ཚུན་དབར་འགལ་ཟླ་གྱུར་བ་དང། མཱོ་ཙེ་ཏུང་གི་བསམ་བློ་དང་༼འཐུས་ཚབ་གསུམ་༽གྱི་གལ་ཆེའི་བསམ་བློའི་དབར་འགལ་ཟླ་བྱུང་ཞིང།  དེས་མཱ་ཁེ་ཟི་རིང་ལུགས་དང་མཱའོ་ཙེ་ཏུང་གི་བསམ་བློའི་དབར་འགལ་ཟླ་བཟོ་བཞིན་པ།

(二)把马克思主义、毛泽东思想和邓小平理论的核心相互对立,把毛泽东思想和“三个代表”重要思想对立,把马克思主义和毛泽东思想对立;

 

གསུམ་པ། དམར་ཤོག་ཚོགས་པའི་འབྲེལ་ཡོད་ཀྱི་རྩ་འཛིན་ཡིག་ཆ་དང་སྒྲོམ་གཞིར་དུས་ཐོག་ནོར་བཅོས་དང་ཁ་གནོན་བཅས་སྐོར་རྙོགས་གླེང་ཡོད་པ།

(三)对党章、党纲的修改、增补及对有关条文的争议;

 

བཞི་པ།  ཆབ་སྲིད་དང་དཔལ་འབྱོར།  ཁྲིམས་ལུགས་དང་རིག་གཞུང། སྤྱི་ཚོགས་ཀྱི་ཕྱོགས་གང་སའི་སྒྲིག་གཞི་བཅས་ལ་ཇི་ལྟར་བཅོས་བསྒྱུར་དང་དར་རྒྱས་གཏོང་ཕྱོགས་སྐོར།

(四)对推进和如何推进政治、经济、法制、文化、社会各方面体制改革和进度;

 

ལྔ་པ།  སྐབས་བཅུ་དྲུག་དང་བཅུ་བདུན་གྱི་ལོ་བཅུའི་ལས་དོན་དང་འོས་འགན་གྱི་འཕེལ་ཕྱོགས་དང་ཡར་རྒྱས་ཀྱི་གནས་སྟངས། དམིགས་བསལ་དུ་ཆབ་སྲིད་དང་དམངས་གཙོ།   དེ་བཞིན་ཁྲིམས་ལུགས་བཟོ་སྐྲུན་བཅས་ཁྱོན་ཡོངས་ལ་གདིང་འཇོག་བྱེད་ཕྱོགས་སྐོར།

(五)对十六大、十七大的十年工作、任务的进展、进步情况,特别对政治体制、民主和法制建设总体评价;

 

དྲུག  མིག་སྔར་དམར་ཤོག་ཚོགས་པ་ཕྱི་ནང་གང་སའི་འགལ་ཟླ་དང་གནད་དོན་གཙོ་བོའི་ཁག་གི་ཡོང་ཁུངས་དང་དེའི་རྒྱུ་རྐྱེན་སྐོར་ངོས་འཛིན་བྱེད་སྟངས།

(六)对党内、党内外当前主要矛盾、主要问题及其原因等的认识;

 

བདུན། གློ་བུར་དུ་བྱུང་བའི་ཆབ་སྲིད་དོན་རྐྱེན་ཁག་གི་ངོ་བོར་གཏན་འབེབས་དང་ཐག་གཅོད་བྱེད་ཕྱོགས།  དེ་བཞིན་ལས་བྱེད་མི་སྣའི་ལས་དོན་ཐད་ཐག་གཅོད་བྱེད་ཕྱོགས།

(七)对若干突发政治事件的定性、处理和若干人事方面的处理解决;

 

བརྒྱད། དམར་ཤོག་དབུས་གཞུང་སྐབས་བཅོ་བརྒྱད་པའི་འཐུས་ཚོགས་སྐབས་གསར་པའི་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་ཡིག་ཆའི་སྒྲོམ་གཞི་དང་ཆབ་སྲིད་ལམ་ཕྱོགས་གཙོ་བོའི་ཁ་ཕྱོགས་དང་།  ལས་དོན་དང་ལས་འགན་གཙོ་བོའི་སྐོར།

(八)对新一届(中共十八大)的行动纲领和大政方针、主要工作任务;

 

དགུ    དབུས་ཆབ་སྲིད་ཅུས་དང་དབུས་ཆབ་སྲིད་ཅུས་ཡི་རྒྱུན་ལས་སྐབས་གསར་པའི་འདེམས་སྟངས་དང་། གདམ་ཐོན་བྱུང་བའི་མི་སྣར་ཚང་དགོས་པའི་ཆ་རྐྱེན་ཁག་ལ་རེ་འདུན།

(九)对新届中央政治局人选、中央政治局常委会人选及对人选的要求;

 

བཅུ།  མིག་མདུན་དཔལ་འབྱོར་འཕེལ་རྒྱས་དང་འཐབ་རྩོད་ཀྱི་བྱེད་ཕྱོགས་ཐོག་གི་རྩོད་གླེང་དང་འགལ་ཟླ།  དེའི་ནང་ཆེ་མཐོང་གི་སྟངས་འཛིན།  དངུལ་རྩའི་སྲིད་ཇུས།  སྤྱི་ཚོགས་འགན་སྲུང་ལམ་ལུགས་བཅས་ལག་བསྟར་གྱི་གནས་སྟངས་སྐོར།

(十)对当前经济发展和战略方针上争议、分歧,包括对宏观调控、金融政策、社会保障体制落实情况;

 

བཅུ་གཅིག   མིག་སྔར་རྒྱལ་སྤྱིའི་གནས་བབ་ཀྱི་རྙིགས་འཛིང་དང་འགྱུར་ལྡོག་ཆེ་བའི་གནས་ཚུལ་ལ་ངོས་འཛིན་དང་ཐག་གཅོད།  དེར་ཁ་གཏད་ཀྱི་སྲིད་ཇུས་དང་རང་བཙན་རང་བདག་གི་ཕྱི་འབྲེལ་ལམ་ལུགས་སྐོར།

(十一)对当前国际形势复杂多变的认识、判断、对策及对外独立自主外交路线;

 

བཅུ་གཉིས།  ཐའེ་ཝན་ས་ཁུལ་ལ་ཆབ་སྲིད་ཀྱི་ཁ་ཕྱོགས་ཆེན་མོའི་སྐོར་དང།  དེའི་དོན་དངོས་ཤུགས་རྐྱེན་གང་བྱུང་མིན་དང་གཅིག་གྱུར་འཐབ་ཇུས་ཀྱི་ཁ་ཕྱོགས་དེ་དག་འགྲིག་མིན་སྐོར།

(十二)对台湾地区大政方针的实际作用和统一战略方向是否正确。

འབྲེལ་ཐག་ཁ་བྱང།

www.epochtimes.com