གྲགས་ཅན་གླུ་བ་ཕུལ་བྱུང་གི་གཞས།

                   ཁམས་པའི་མི།

གཞས་ཚིག་ བ་རོང་ཨུ་དམ།  གཞས་པ། ཕུལ་བྱུང་།   དབྱངས། དྷི་པེ།

ས་སྟེང་འདི་ཡི་རྐང་གཉིས་ཡོད་དོ་ཅོག

ཨ་མིའི་བུ་རྒྱུད་ཡིན་པ་འདྲ་ན་ཡང་།།

ཡ་ཆུང་ཁོག་གི་སྙིང་སྟོབས་ཕུལ་བྱུང་བ།།

ཁམས་པའི་མི་ཡི་ཁྱད་ཆོས་ངོ་མ་ཡིན་།།

ཀུན་ལ་ཤ་ཞེན་ཡོད་པ་འདྲ་ན་ཡང་།།

ཁ་བ་བོད་པའི་སྐྱིད་སྡུག་ཁོ་ནའི་ཆེད་།།

ལུས་དང་སྲོག་ཀྱང་ཕངས་མེད་གཏོང་བ་དེ།།

ཁམས་པའི་མི་ཡི་རང་གཤིས་འགྱུར་མེད་ཡིན།།

ནོར་དང་ལོངས་སྤྱོད་ཀུན་ལ་མཁོ་མོད་ཀྱང་།།

དེ་ལས་སྤྱི་དོན་གཙིགས་སུ་འཛིན་པ་ཡི།།

ཁམས་པའི་ཕོ་མོ་རྒན་གཞོན་མ་ལུས་པ།།

ཁ་བ་བོད་པའི་མི་ཡི་དྭངས་རྩེ་ཡིན།།

གཞས་ཚིག་འདི་ནི་གྲགས་ཅན་གཞས་པ་ཕུལ་བྱུང་གི་ཆེད་སྒྲིག་བརྙན་འཁོར་གསར་པ་ཁུལ་གྱིས་ནོན་པའི་ང་ཚོ་ཅེས་པའི་འོད་སྡེ་ནས་ཟུར་འདྲིན་བྱེད་པ་ཡིན་།