བདེན་ཚིག་བྱིས་པའི་གནའ་གཏམ།
ན་རག་དམྱལ་བའི་གྲོང་དེ་ཡོད་མཆི་ན།།
བླང་དོར་འབྱེད་པའི་བློ་གྲོས་མིག་ལྡན་ཞིག །
དམ་པས་སྨད་པའི་ལས་ལ་རིངས་གྱུར་ན།།
མིག་ལྡན་གཡང་ལ་མཆོངས་བའིརྣམ་ཐར་ཡིན།།
མཐོ་རིས་ཐར་བའི་ཞིང་དེ་རྫུན་ཡིན་ན།།
མི་ཡུལ་མངོན་པར་དགའ་བའི་ཚལ་འདི་ནས།།
ངང་གིས་དགའ་བའི་ཐུན་མོང་ལོངས་སྤྱོད་ལ།།
མ་འཇུག་རི་ལ་ཟོལ་ན་བླུན་པོ་ཡིན།།