ཨ་མ་དྲན་པའི་སྐྱོ་གླུ།
ཁོ་བོར་ནི་རྩ་ཆེ་བའི་ཨ་མ་ལས་སྐྱེས་པའི་བོད་ཕྲུག་ན་གཞོན་ཞིག་ཡིན། ང་སྐྱིད་པ་དང་སྡུག་པའི་དུས་ཞིག་ལ་་ངས་ལྷག་པར་དུ་ཨ་མ་དྲན། ཉིན་ཞིག་འཇམ་ཐིང་ཐིང་་་་ནག་ཐིབ་ཐིབ་ཀྱི་མཚན་མོ་དེ་ལ་་་་དཀར་སེང་སེང་གི་ཟླ་བའི་གཟུགས་བརྙན་མིག་ལམ་དུ་ཤར་ནས་གཉིད་ཁུག་སོང་། རྨི་ལམ་དུ་འཆར་རྒྱུ་ནི་ཨ་མའི་བཞིན་རས་ཀྱིས་གྲུབ་པའི་རི་མོ་ཤ་སྟག་ཡིན།
ངས་ཨ་མ་་་་་ཨ་མ་ཞེས་འབོད་དེ་གཉིད་ལས་སད་སོང་། ང་ལ་དབང་བའི་འཇིག་རྟེན་ནི་ད་རུང་ནག་ཐིང་ཐིང་གི་མཚན་ལྗོངས་རིང་མི་འདི་རེད་འདུག ངས་རྩ་ཆེ་བའི་ཨ་མ་དེ་ཡང་ཡང་དྲན་ནས་ལག་ཁུལ་ཚུར་ཟུང་གི་བྲང་བརྡུངས་ཞིག་ཤོར་ནས་་་སྡུག་སྐད་ཆེན་པོ་ཞིག་ཡང་ཤོར་སོང་བས་་་་གཡས་གཡོས་དུ་ཡོད་པའི་གྲོགས་པོ་འགས་ག་རེ་གནང་སོང་བསྟན་འཕགས་ལགས་ཟེར། ང་སླར་ཡང་ཁུ་སིང་མངང་གཉིད་ཁུག་སོང་།
རྒྱང་རིང་གི་ཨ་མ་ལགས་
དངོས་ནས་ཨ་མ་་ཁྱེད་དྲན་པའི་མིག་ཆུ་ནི་རྒྱ་མཚོ་གྱུར་་་་ཁྱེད་དྲིན་པའི་སྡུག་བསྔལ་ནི་རི་རབ་ལས་རྒལ། ང་ཡི་བློ་ཡུལ་ན་ཁྱེད་ནི་ངའི་བདེ་སྐྱིད་ཀྱི་འབྱུང་ཁུངས་དང་།ངེས་གཉིས་མཉམ་དུ་འཚོ་བའི་བྲོ་བ་ནི་ནམ་ཡང་སྦྲང་རྩི་ལས་གྱུར་པའི་བདུད་རྩི་ཞིག་ཡིན་་་་་ཨ་མ་ལགས།
ཨ་མ་ལགས་ཁྱེད་གང་དུ་ཡོད།
བུ་ང་ནམ་ཡང་དྲན་པ་མ་བརྗེད་རོགས་་་ཐུགས་རྗེ་གཟིགས།
གུས་པས་ཁྱེད་ལ་བསྐྱང་པའི་བརྩེ་སེམས་ནི་སྲང་ལམ་སྟེང་གི་མཛེས་མ་བསྐྱང་པའི་བརྩེ་སེམས་དང་བརྟེན་ནས་མི་འདྲ་ཡོད་ཚོད་ནས་ཡོད་ཚོད་ཐ་ན་རང་སྲོག་ཀྱང་ཁྱེད་ཀྱི་ཆེད་དུ་བློད་གཏང་བྱེད་ཐུབ་མཁན་གྱི་བུ་ང་དྲན་པ་ནམ་ཡང་མ་བརྗེད་་་་་ང་ནི་ས་རཱ་དག་པའི་ཞིང་ཁམས་ན་དགེ་སློབ་ཡོངས་ནས་དགའ་མོས་བྱེད་སའི་སློམ་མ་ཞིག་དང་རང་དོན་སློབ་སྦྱོང་སོགས་ལ་འབད་བརྩོན་དབྱར་གྱི་ཆུ་བོར་བཞིན་དུ་བྱེད་བཞིན་པའི་སློབ་མ་ཞིག་ཡང་ཡིན་པས་སེམས་ཁྲེལ་མི་དགོས་་་་་་
ཨ་མ་ལགས། ཁྱེད་བདེ་མོ་བཞུགས་་་་་བདེ་མོ་བཞུགས་་་་་ཨ་ཤི་རེ་བུ་ང་ཨ་མ་དང་མཉམ་དུ་སྡོད་རྒྱུ་བྱུང་ན་ཅི་འདྲ་སྐྱིད་པ་ལགས་་་་་སྐྱིད་འདྲ་དགའ་བ་ལགས། ཨ་ཁ་ཁ་་་