སེམས་ཚོར་ཐུང་ཐུང་ཞིག

ལོ་མང་རིང

ངས་འཇིག་རྟེན་ལ་ཕྱི་མིག་བལྟས

ཕྱི་མིག་ཐེངས་རེའི་སྟོང་ཆ་དེ

 

ད་དུང་ཡང་སུས་ཀྱང་བཀང་ཐབས་བྲལ

ལོ་ཟླ་ཆུ་བོ་བཞིན་བཞུར་ཞིང

དུས་རབས་སྤྲན་པ་བཞིན་འགྱུར་འགྲོས་ཆེ་མོད

འོན་ཀྱང

གངས་རི་དང་འཁྱག་པས་ཁེངས་བའི་རི་སུལ་དེར

ད་དུང་ཡང་ངུ་ངག་གིས་ཁེངས་ལ

ཁྲག་རྣག་གིས་བསྐྱིལ

ཁྱི་སྤྱང་ཚོ་སྔར་ལས་ཧམ་སེམས་ཆེ་ལ

ཝ་མོ་ཚོ་སྔར་ལས་གཡོ་སྒྱུ་ཆེ

ཁ་བ་མེད་པའི་དགུན་གཞུང་རེ་རེར

རླུང་འཚུབ་ཀྱིས་བསྐྱེལ་ལ

གྲང་ངར་གྱིས་མནར

འཇིག་རྟེན་དུ་གཏོགས་པའི་གྲུ་ཁ་འདི

ད་དུང་ཡང་འདི་ལྟར་གནས་དགོས་སམ་་་་་་་་