རྡ་ས་མེ་གྷན་བོད་མིའི་འཚོར་སྡོད་གླེང་བ།

དྲ་གྲོགས་ཚོར་འཚམས་འདྲི་ཞུ།།

གུས་པ་རྡ་སའི་ཁུལ་དུ་ཉིན་ཤས་རིང་འགྲུལ་བཞུད་བྱས་པའི་རྒྱུད་རིམ་ནང་དངོས་ཡོད་ཀྱི་མཐོང་སྣང་།

རྡ་སའི་མེ་གྷན་སྲང་ལམ་གཡས་གཡོན་གྱི་བོད་མིའི་ཇ་ཁང་དང་ཟ་ཁང་ཁག་དུ་གཞོན་སྐྱེས་ཕོ་གསར་མང་པོ་ཞིག་གིས་ཤིང་ཕོར་གིས་ནང་ཤོ་པ་ར་ཞིག་བླུག་ཏེ་གླད་ལ་བསྐོར་ཏེ་ཁ་གདན་ཐོག་ལ་སྦུག དེ་རྗེས་རོག་པ་ཞིག་གིས་ཁ་ཡར་བཀྱག་ཏེ་ཤོ་མིག་གྲང་དང་མཉམ་པའི་སྡིས་བོ་གཅོད་ཅིང་རྒྱལ་ཕམ་གྱི་ཐག་གཅོད་བྱེད་ཅིང་སྣང་མེད་དུ་གནས་འདུག་པ་འདི་ནི་ང་ཚོ་བོད་མི་རིགས་ཞིག་གིས་ངོས་ནས་བཤད་ན་དུས་ཀྱི་གཉན་འཕྲང་འདི་འདྲའི་སྐབས་སུ་སྣང་མེད་ཀྱི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི་ང་ཚོའི་་གྱོང་གུད་ཆེ་པོ་ཞིག་རེད་སྙམས། གང་ཡིན་ཟེར་ན་བཞིས་བཞུགས་བོད་མི་སྤྱི་དང་བྱེ་དྲག་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་གཏོང་གནང་སྟེ་སྤྱི་དགྲ་་བཙན་འཛུལ་བའི་བྱ་སྤྱོད་ལ་ངོ་རྒོལ་དང་བོད་རྒྱལ་ཁབ་སླར་གསོ་དང་རང་དབང་གིས་ཆེད་རང་ལུས་མེ་རུ་སྒྲོན་པའི་དུས་ཞིག་ཡིན་སྟབས་ང་ཚོས་ངེས་པར་དུ་བག་མེད་ཀྱི་མི་ཚེ་རྫོགས་སུ་འཇུག་པ་ནི་ཤིན་ཏུ་ནས་བློ་ཕམ་རེད་ལ་གྱོང་གུད་ཀྱང་རེད། དེར་བརྟེན་རང་རེའི་སྤྱི་ཚོགས་ནང་གཟངས་སུ་ཐོན་པའི་སྣེ་ཁྲིད་རྣམས་ཀྱི་དགོས་མེད་ཀྱི་རྙོག་གླེང་སྤངས་ཏེ་གནད་ཐོག་ཁེལ་བའི་སྦྱང་རྡར་སྤྲོད་ཐབས་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་རེད་སྙམས། གོང་གསལ་ནི་གཞི་རིམ་མང་ཚོགས་ཀྱི་ངོས་ནས་འགན་ཁུར་མ་བྱས་པའི་རྟགས་སུ་སྣང་། དེའི་རྒྱུད་རིམ་ནི་སྣེ་ཁྲིད་རྣམས་ཀྱི་སྣེ་ཁྲིད་མ་འཇོན་པ་ལྟ་བུ་ཞིག་རང་བཞིན་དུ་གྱུར་ཡོད། དེའི་བརྒྱུད་རིམ་འཕྲོད་གུས་པས་ཞུ་འདོད་པ་ཞིག་ནི་མི་མང་གིས་བསམ་ཚུར་ནོར་བས་མ་ཚད་ཞལ་མར་འཁོར་ནས་བཀའ་སློབ་གསུང་མཁན་རྣམས་ཀྱི་རྒྱུད་རིམ་མེད་པའི་སྐབས་འཚོར་གྱི་གླེང་གཞི་མང་དྲག་པའི་རྐྱོན་རེད་། ཆབ་སྲིད་རིག་པ་བས་འདི་ཞིག་བཤད་གསོ་འདུག དགེ་རྒན་ཞིག་གིས་སློབ་ཕྲུག་རྙམས་ལ་སློབ་སྦྱོང་སྤྲོད་སྐབས་སྒྲིགས་ཁྲིམས་དང་དབང་ཆ་ངེས་ཅན་ཞིག་གི་ཐོག་ནས་སློབ་ཁྲིད་གནང་གིས་ཡོད་པ་ནི་དགེ་རྒན་དེ་དག་འགྲན་མེད་ཀྱི་རྒྱལ་པོ་ལྟ་བུ་ཆགས་རྒྱུས་དམིགས་ཡུལ་མ་ཡིན་པ་སློབ་ཕྲུག་རྣམས་ཤེས་ཡོན་དང་འཇོན་ཐང་གིས་ཕྱུགས་པ་ཞིག་ཡོང་རྒྱུས་རེ་བས་ཡིན་པ་ལྟར་ང་ཚོ་བཙན་བྱོལ་པ་ཚོས་ཀྱང་སྒྲིགས་ཁྲིམས་དང་དབང་ཚད་ངེས་ཅན་ཞིག་གིས་ཐོག་ནས་མི་མང་ལ་སྦྱོངས་བརྡར་སྤྲོད་དགོས་པ་ནི་མི་མང་རྣམས་བྲན་གཡོག་སྦྱུར་རྒྱུའི་་དམིགས་ཡུལ་མ་ཡིན་པ་ མི་མང་རྣམས་རྒྱལ་ཁབ་ཀྱི་བདག་པོ་འགྱུར་རྒྱུའི་རེ་བས་ཡིན། གོང་དུ་ཞུས་པ་རྣམས་ལ་དགོངས་ཚུལ་གསུང་འདོད་མཆིས་ཚེ་ངན་སྨྲ་དང་ཚིག་རྩུབ་སྤངས་ནས་ཕེབས་རོགས་ཞུ།།བོད་དོན་བག་ཡོད།།