ཤི་ཅིང་ཕིང་གིས་བོད་མིའི་མངོན་འདོད་བསྒྲུབ་དགོས།
སང་ཉིན་རྒྱ་ནག་གི་ཚོགས་ཆེན་ཐེངས་༡༨ པ་འཚོག་རྒྱུའི་དུས་ཚོད་དང་བསྟུན་ཏེ། དེ་རིང་ཞོགས་པར་བོད་མི་མང་ཚོའི་མངོན་འདོད་གང་ཡིན་པ་དེ་ཤི་ཅིང་ཕིང་ལ་གསལ་སྟོན་དང་འབྲེལ། མ་འོངས་པར་ཤི་ཅིང་ཕིང་གིས་བོད་མི་མང་གི་མངོན་འདོད་བསྒྲུབ་དགོས་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༧ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སྟེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ། ཕྱི་ཚེས་༨ ཉིན་རྒྱ་ནག་གི་གྲོས་ཚོགས་ཚོགས་ཆེན་ཐེངས་༡༨ པ་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་ཤི་ཅིང་ཕིང་རྒྱ་གཞུང་གི་སྲིད་འཛིན་དུ་འདེམས་རྒྱུ་ཡིན་པའི་དུས་ཚོད་དང་བསྟུན་ཏེ། ཤི་ཅིང་ཕིང་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་སྟོན་དང་། བོད་མི་མང་ཚོའི་མངོན་འདོད་གང་ཡིན་པ་དེ་ཤི་ཅིང་ཕིང་གིས་བསྒྲུབ་དགོས་སྐོར་སོགས་ཀྱི་འབོད་སྐུལ་དང་སྦྲགས་ལས་འགུལ་ཞིག་སྤེལ་སོང་ལ།
ལས་འགུལ་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་འཛོམས་ཏེ། ཤི་ཅིང་ཕིང་གི་ངོ་འབག་གྱོན་པའི་མི་ཞིག་གི་མདུན་ནས་བོད་མི་ཚོས་སོ་སོའི་རེ་འདུན་དེ། བོད་ལ་རང་དབང་སྤྲད་དགོས་སྐོར་དང་། བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་དགོས་སྐོར། དེ་བཞིན་བོད་མི་མང་གི་མངོན་འདོད་བསྒྲུབ་དགོས་སྐོར་སོགས་ཀྱི་རྣམ་པ་དབྱིན་བོད་གཉིས་ཀྱི་ཐོག་ནས་ཤོག་ཐོག་ཏུ་ཕབ་སྟེ། ཤི་ཅིང་ཕིང་དང་མཉམ་དུ་བར་བརྒྱབ་སོང་ལ་བར་དེ་དག་དྲ་རྒྱ་བརྒྱུད་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག
ལས་འགུལ་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རིག་གཞུང་འགན་འཛིན་འཇིགས་བྲལ་གྱིས་བརྗོད་ན། སང་ཉིན་རྒྱ་ནག་དམར་ཕྱོགས་ཚོགས་པའི་གྲོས་ཚོགས་ཚོགས་ཆེན་ཐེངས་༡༨ པ་འཚོག་གཏན་ཁེལ་བ་རེད། སྐབས་དེར་རྒྱ་གཞུང་གི་སྲིད་འཛིན་གསར་པ་བསྐོ་རྒྱུ་དང་། དེ་བཞིན་ལས་བྱེད་ཚོ་ལ་ཡང་འགྱུར་བ་ཞིག་ཐེབས་ཀྱི་ཡོད་རེད། མང་པོ་ཞིག་གིས་འགྱུར་བ་ཞིག་འགྲོ་རྒྱུར་རེ་བ་རྒྱག་གི་ཡོད་རེད། ཡིན་ན་ཡང་དངོས་ཡོད་གནས་སྟངས་ལ་འགྱུར་བ་ཁྱོན་ནས་ཡོད་མ་རེད། བོད་དང་རྒྱ་ནག་གཉིས་ཀར་འགྱུར་བ་གང་ཡང་ཡོད་མ་རེད། དེས་མ་ཟད་གནས་སྟངས་ཛ་དྲག་དུ་འགྲོ་ཡི་ཡོད་རེད། དེར་བརྟེན། ང་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་སྟོན་དང་། མ་འོངས་པར་ཤི་ཅིང་ཕིང་གིས་བོད་མི་མང་གི་རེ་བ་བསྐོང་དགོས་སྐོར་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡིན་སྐོར་སོགས་བརྗོད་བྱུང་།
ཡང་ཁོང་གིས་བརྗོད་ན་ལས་འགུལ་འཛམ་གླིང་གི་རྒྱལ་ཁབ་ཁག་ཁ་ཤས་ནང་སྤེལ་རྒྱུ་ཡིན་འདུག་ལ། དེ་