བྲག་མགོའི་གྲྭ་པ་ལྔ་ལ་རྒྱ་གཞུང་གིས་ཁྲིམས་ཆད།

ཉེ་བའི་ཆར་ཁམས་བྲག་མགོ་དགོན་པའི་གྲྭ་པ་བཞི་དང་། གསེར་རྟ་རྫོང་ཁོངས་སྒོ་ཆེན་པའི་གྲྭ་པ་གཅིག་བཅས་ལ་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག རྒྱ་གཞུང་གིས་ཁྲིམས་ཐག་བཅད་ཡོད་པ་དང་། འདི་ལོར་བྲག་མགོ་རྫོང་ཁོངས་སུ་བོད་དོན་ལས་འགུལ་གྱི་ཉེས་མིང་འོག་བོད་མི་༣༦ ཙམ་ལ་ཁྲིམས་ཐག་བཅད་ཡོད་འདུག
དེ ་ཡང་ཟླ་འདིའི་ཚེས་༧ ཉིན་གྲྭ་ངག་དབང་བློ་བཟང་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་ཉིན་ཁམས་བྲག་མགོ་རུ་སེར་སྐྱ་མང་ཚོགས་ཀྱིས་ཞི་རྒོལ་གྱི་ཡར་ལངས་སྐད་འབོད་བྱས་སྐབས།  རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་གིས་བོད་རིགས་མང་ཚོགས་ཁྲོད་གང་བྱུང་གིས་མེ་མདའ་བརྒྱབ་ནས། རྒྱལ་གཅེས་དཔའ་བོ་ཡོན་ཏན་སོགས་བོད་མི་ཁག་ཅིག་དེ་གར་དམར་གསོད་བཏང་བ་མ་ཟད།   བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཏང་།
་ཡང་ཟླ་འདིའི་ཚེས་༧ ཉིན་གྲྭ་ངག་དབང་བློ་བཟང་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་ཉིན་ཁམས་བྲག་མགོ་རུ་སེར་སྐྱ་མང་ཚོགས་ཀྱིས་ཞི་རྒོལ་གྱི་ཡར་ལངས་སྐད་འབོད་བྱས་སྐབས།  རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་གིས་བོད་རིགས་མང་ཚོགས་ཁྲོད་གང་བྱུང་གིས་མེ་མདའ་བརྒྱབ་ནས། རྒྱལ་གཅེས་དཔའ་བོ་ཡོན་ཏན་སོགས་བོད་མི་ཁག་ཅིག་དེ་གར་དམར་གསོད་བཏང་བ་མ་ཟད།   བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཏང་།
དེའི་ཉིན་ཤས་རྗེས་སུ་རྒྱ་ནག་གྲོང་ཁྱེར་ཁྲིན་ཏུ་རུ།   ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་ཁོངས་ཀྱི་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། བྲག་མགོ་དགོན་པའི་ཚོང་པ་འཕྲིན་ལས། བྲག་མགོ་དགོན་པའི་རྩིས་པ་དགྲ་ལྷ་བཅས་ཞི་རྒོལ་དོན་རྐྱེན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད། ཡང་འདི་ལོའི་ ཟླ་༤ ཚེས་ ༢ ཉིན་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)ལགས་བྲག་མགོ་རྫོང་ཐོག་ནས་འཇུ་བཟུང་བཙན་ཁྲིད་བྱས་རྗེས། ད་ལྟའི་བར་ཁོང་རྣམ་པ་ཟླ་བ་བཅུ་ལྷག་གི་རིང་གར་ཡོད་ཆ་མེད་དུ་ལུས་ཡོད་པ་རེད།
ཟླ་༤ ཚེས་ ༢ ཉིན་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)ལགས་བྲག་མགོ་རྫོང་ཐོག་ནས་འཇུ་བཟུང་བཙན་ཁྲིད་བྱས་རྗེས། ད་ལྟའི་བར་ཁོང་རྣམ་པ་ཟླ་བ་བཅུ་ལྷག་གི་རིང་གར་ཡོད་ཆ་མེད་དུ་ལུས་ཡོད་པ་རེད།
འོན་ཀྱང་ཟླ་༡༡ པའི་ཟླ་མགོ་ཙམ་ལ་གནས་ཚུལ་ཤེས་གསལ་བྱུང་བ་ལྟར་ན། སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་༧ དང་། བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། རྩིས་པ་དགྲ་ལྷ་ལ་བཅས་ལ་ལོ་ ༦ རེ་དང་། དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ ཡིས་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། ནང་མི་འབྲེལ་ཡོད་ཁག་གིས་ཉིན་བཅོ་ལྔའི་རྗེས་མ་གཏོགས་དེའི་སྐོར་ཤེས་རྟོགས་བྱུང་མི་འདུག་ལ།   དེ་ཡང་རྒྱ་ནག་ཁྲིན་ཏུ་གྲོང་ཁྱེར་དུ་ཡོད་པ་ཙམ་ལས་ཁྲིམས་ཁང་གང་ཞིག་ཏུ་ཁྲིམས་ཐག་ག་འདྲ་བཅད་ཡོད་མེད་སོགས་ཁ་གསལ་ཤེས་རྟོགས་བྱུང་མེད་པ་རེད།
 སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་༧ དང་། བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། རྩིས་པ་དགྲ་ལྷ་ལ་བཅས་ལ་ལོ་ ༦ རེ་དང་། དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ ཡིས་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། ནང་མི་འབྲེལ་ཡོད་ཁག་གིས་ཉིན་བཅོ་ལྔའི་རྗེས་མ་གཏོགས་དེའི་སྐོར་ཤེས་རྟོགས་བྱུང་མི་འདུག་ལ།   དེ་ཡང་རྒྱ་ནག་ཁྲིན་ཏུ་གྲོང་ཁྱེར་དུ་ཡོད་པ་ཙམ་ལས་ཁྲིམས་ཁང་གང་ཞིག་ཏུ་ཁྲིམས་ཐག་ག་འདྲ་བཅད་ཡོད་མེད་སོགས་ཁ་གསལ་ཤེས་རྟོགས་བྱུང་མེད་པ་རེད།
གཞན་ཡང་ཤེས་རྟོགས་བྱུང་བ་ལྟར་ན།  ལོ་འདིར་བྲག་མགོ་རྫོང་གི་ཡུལ་ལུང་གཅིག་པུ་ལ་ཆ་མཚོན་ན།   རྒྱ་གཞུང་གིས་དྲག་གནོན་འོག་དམར་བསད་བཏང་བ་བོད་མི་ ༦ དང་། མེ་མདས་རྨས་སྐྱོན་ཕོག་པ་བོད་མི་གྲངས་ ༤༣ དང་། ད་ལྟའི་ཆར་གར་ཡོད་ཆ་མེད་ཡིན་པ་ཡོན་ཏན་བཟང་པོ་དང་། བཀྲ་ཤིས་དར་རྒྱས། རྣམ་རྒྱལ་དོན་འགྲུབ་བཅས་མི་གྲངས་ ༣ དང་། ཚེ་བཙོན་ནས་ལོ་གཅིག་དང་ཟླ་བ་བརྒྱད་བར་གྱི་ཁྲིམས་ཐག་བཅད་ཡོད་ས་བོད་མི་གྲངས་༣༦ ལྷག་ཡོད་འདུག  ད་དུང་ཤེས་རྟོགས་བྱུང་མེད་པ་མང་པོ་ཡོད་འདུག
རྒྱ་གཞུང་གིས་དྲག་གནོན་འོག་དམར་བསད་བཏང་བ་བོད་མི་ ༦ དང་། མེ་མདས་རྨས་སྐྱོན་ཕོག་པ་བོད་མི་གྲངས་ ༤༣ དང་། ད་ལྟའི་ཆར་གར་ཡོད་ཆ་མེད་ཡིན་པ་ཡོན་ཏན་བཟང་པོ་དང་། བཀྲ་ཤིས་དར་རྒྱས། རྣམ་རྒྱལ་དོན་འགྲུབ་བཅས་མི་གྲངས་ ༣ དང་། ཚེ་བཙོན་ནས་ལོ་གཅིག་དང་ཟླ་བ་བརྒྱད་བར་གྱི་ཁྲིམས་ཐག་བཅད་ཡོད་ས་བོད་མི་གྲངས་༣༦ ལྷག་ཡོད་འདུག  ད་དུང་ཤེས་རྟོགས་བྱུང་མེད་པ་མང་པོ་ཡོད་འདུག
གཞན་ཡང་ཉེ་བའི་ཆར་ཁམས་དཀར་མཛེས་རང་སྐྱོང་ཁུལ་གྱི་འགོ་ཁྲིད་གསར་པས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྲིད་ཇུས་གསར་གཏོད་ཀྱིས་ཉེ་འབྲེལ་གསར་པ་ཞེས་པའི་མིང་སྙན་འོག། བོད་རིགས་མི་ཚང་བཅུ་གསུམ་ནས་ལྔའི་བར་ལས་བྱེད་མི་སྣ་རེར་རྩིས་སྤྲོད་བྱས་ཡོད་པ་དང་།  ཁོང་ཚོས་ཁ་ནས་མང་ཚོགས་ལ་དཀའ་ངལ་བྱུང་ཚེ་ལྟ་རྟོགས་བྱེད་མཁན་ཡིན་སྐོར་བརྗོད་ཡོད་ན་ཡང་།  དོན་དངོས་ཐོག་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་མི་འབྱུང་བ་དང་གསང་བ་ཕྱིར་བསྒྲགས་འགོག་ཐབས་སོགས་བོད་མིའི་རང་དབང་ལ་ཚད་འཛིན་བྱེད་མཁན་གྱི་མི་སྣ་བསྐོ་བཞག་ཀྱི་སྲིད་ཇུས་གསར་པ་ཞིག་ལག་བསྟར་བྱེད་མུས་ཡིན་སྐོར་ཡང་གྲྭ་ངག་དབང་བློ་བཟང་གིས་འགྲེལ་བརྗོད་གནང་སོང་།།
 ཁོང་ཚོས་ཁ་ནས་མང་ཚོགས་ལ་དཀའ་ངལ་བྱུང་ཚེ་ལྟ་རྟོགས་བྱེད་མཁན་ཡིན་སྐོར་བརྗོད་ཡོད་ན་ཡང་།  དོན་དངོས་ཐོག་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་མི་འབྱུང་བ་དང་གསང་བ་ཕྱིར་བསྒྲགས་འགོག་ཐབས་སོགས་བོད་མིའི་རང་དབང་ལ་ཚད་འཛིན་བྱེད་མཁན་གྱི་མི་སྣ་བསྐོ་བཞག་ཀྱི་སྲིད་ཇུས་གསར་པ་ཞིག་ལག་བསྟར་བྱེད་མུས་ཡིན་སྐོར་ཡང་གྲྭ་ངག་དབང་བློ་བཟང་གིས་འགྲེལ་བརྗོད་གནང་སོང་།།
མོན་གྷོ་གསར་འགོད་པས། 
 

 
							 
							