ཁམས་འབྲི་རུ་རྫོང་དུ་རང་ལུས་མེར་སྲེག་གིས་ངོ་རྒོལ།
ཟླ་འདིའི་ཕྱི་ཚེས་༧ ཉིན་ཁམས་འབྲི་རུ་རྫོང་པད་དཀར་ཤང་གི་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་ཨེ་ཤའི་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༧ ཉིན་ཁམས་འབྲི་རུ་རྫོང་པད་དཀར་ཤང་གི་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག འོན་ཀྱང་སྐབས་དེར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་པར་བརྟེན། རྩ་བས་གནས་ཚུལ་འདི་དངོས་ཡོད་ཡིན་ན་ཡང་ཁོང་གིས་མེར་སྲེག་བཏང་རྗེས་ཀྱི་གནས་ཚུལ་གང་ཡང་ཤེས་ཐུབ་ཀྱི་མི་འདུག་ཅེས་གནས་ཚུལ་འགྲེལ་བརྗོད་པས་བརྗོད་འདུག
ད་ལྟའི་ཆར་གནས་ཚུལ་འདིའི་ཐད་རྩད་གཅོད་བྱེད་བཞིན་པ་ཡིན་པས། ཁོང་གི་མིང་དང་ལོ་གྲངས་སོགས་ཤེས་རྟོགས་བྱུང་ཚེ་གནས་ཚུལ་ཁ་གསལ་འགོད་ཆོག