དགའ་བྱང་གྲྭ་ཚང་གི་མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ ཕྱེད་ཐོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་གྱི་དགའ་ལྡན་ བྱང་རྩེ་གྲྭ་ཚང་ནས།     བོད་བསྟན་པ་ཆབ་སྲིད་ཆེད་དུ་དེ་རིང་ཁ་སང་གི་བོད་ནང་གི་རང་ལུས་ཞུགས་འབུལ་གནང་དང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སླད་དུ་སྨོན་ལམ་མཆོད་འབུལ་ཞིག་འཚོགས་ཡོད་པ་རེད།

སྐབས་དེར་བྱང་རྩེ་གྲྭ་ཚང་གི་དགེ་སྐོས་བསམ་བློ་བློ་བཟང་ཕུན་ཚོགས་ཀྱིས་སྨོན་ལམ་མཆོད་འབུལ་འདི་ལྟར་འཚོགས་དགོས་དོན་སྐོར་ལ་གསུང་དོན།    ཁ་སང་དེ་རིང་གི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མི་ས་ཡ་དྲུག་གི་བསམ་བློའི་རང་དབང་ཆོས་དད་རང་དབང་།  འགྲོ་བ་མིའི་ཐོབ་བཅས་ཀྱི་ཆེད་དུ་ཚད་མཐོའི་ཞི་རྒོལ་གྱི་རང་ལུས་ཞུགས་འབུལ་གནང་བ་རེད།  དེར་བརྟེན།  དགེ་འདུན་པ་རྣམས་ཀྱིས་ཁོང་རྣམས་འཕགས་པ་སྤྱན་རིས་གཟིགས་ཀྱིས་རྗེས་སུ་བཟུང་ནས་དལ་འབྱོར་གྱི་མི་ལུས་ཐོབ་པ་དང་།   སླར་ཡང་གངས་ཅན་པའི་ལྗོངས་སུ་སྐྱེས་ཤིང་རང་དབང་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཐུགས་སྨོན་སྐྱབས་འཇུག་ཞུ་རྒྱུ་མ་ཟད།  ད་དུང་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་ལམ་རྒྱབ་དགོས་པ་ཞིག་དང་། གཞན་ཡང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ཐུགས་སྨོན་སྐྱབས་འཇུག་དང་སྨོན་ལམ་མཆོད་འབུལ་སོགས་གང་ཐུབ་ཅི་ནུས་ཀྱི་གནང་རོགས་ཞེས་སོགས་གསུངས་སོང།

མོན་གྷོ་གསར་འགོད་པས།