གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་སྨོན།
ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༧ ཉིན་བོད་ནང་བོད་མི་བཞིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམ་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བསྔོ་སྨོན་མཆོད་འབུལ་ཞིག་བྱས་སོང་།
བསྔོ་སྨོན་ཚོགས་འདུ་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ ཀྱིས་གཙོས་པའི་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་འདུན་པ་དང་། གྲོང་སྡེ་ཁག་གི་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་དང་། བསྔོ་སྨོན་མཇུག་བསྡུའི་སྐབས་ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་ཕྱི་ཚེས་ ༧ ཉིན་བོད་ནང་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་ངོ་སྤྲོད་དང་འབྲེལ། ད་ལྟའི་བོད་ནང་གི་གནས་བབ་ངོ་སྤྲོད་བྱས་ཡོད་པ་རེད།།
མེ་སོར་གསར་འགོད་པས།
