འདས་པོའི་ཞལ་ཆེམས་དང་གསོན་པོའི་རེ་བ་མུ་འགོད་གསུམ་པ།

ཉེ་སྔོན་ངས་རང་ལུས་མེར་སྲེག་གནང་མཁན་ ༦༢ རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས་ཀྱི་བར། ཁོང་རྣམས་ཀྱི་འབོད་ཚིག་དང་ཞལ་ཆེམས་རྙེད་སོན་བྱུང་བ་ངོ་དེབ་དང་ཟིན་བྲིས་བཅས་ཀྱི་ནང་བཏང་ཟིན། དེ་རིང་རང་ལུས་མེར་སྲེག་གནང་མཁན་ ༦༣ ནས་དུས་དེ་རིང་ ༦༩ བར་ཁོང་རྣམས་ཀྱི་ཞལ་ཆེམས་དང་འབོད་ཚིག་གང་རྙེད་སོན་བྱུང་བ་ཁག འདས་པོའི་ཞལ་ཆེམས་དང་གསོན་པོའི་རེ་བ་མུ་འགོད་གསུམ་པ་ཞུ་རྒྱུ་ཡིན་པས་ཀུན་གྱིས་ཐུགས་སྣང་གནང་རོགས།    ཕྱི་ལོ་༢༠༡༢  ཕྱི་ཟླ༡༡ ཚེས་ ༤  ཉིན།   མདོ་སྨད་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས། ་”བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། ད་ངའི་རེ་བ་འགྲུབ་སོང་།” ཞེས་སྐད་འབོད་གནང་ཡོད།་་་་་་

ཕྱི་ལོ་༢༠༡༢    ཟླ༡༡  ཚེས༧  ཉིན།   མདོ་སྨད་རེབ་གོང་མདོ་བ་སྒྲོ་རོང་བོ་སྒྲོ་ཐང་སྡེ་བའི་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོས།  “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས”ཞེས་སྐད་འབོད་གནང་ཡོད།

ཕྱི་ལོ་༢༠༡༢  ཟླ་༡༡ ཚེས་༧ ཉིན།  བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཡུལ་ཚོ་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་རྡོ་རྗེ་ལགས་དང་།   སྔོ་ཤུལ་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་བསམ་འགྲུབ་ལགས།   སྔོ་ཤུལ་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་རྡོ་རྗེ་སྐྱབས་ལགས་ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་སྟེ།  “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། “ཞེས་སྐད་འབོད་གནང་ཡོད།

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན།  བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ལྡོང་ངེ་རྒྱ་ལྡིང་སྡེ་བ་ནས་ཡིན་པ་ རྒྱལ་གཅེས་དཔའ་བོ་གྲྭ་ཟུར་སྐལ་བཟང་སྦྱིན་པ་ལགས་ཀྱིས། རེབ་གོང་རོང་བོ་དགོན་ཆེན་གྱི་མདུན་སྒྲོལ་མ་ཐང་ཆེན་དུ། རས་དཀར་པོ་ཞིག་གི་སྟེང་དུ་”༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། མི་རིགས་འདྲ་མཉམ་དགོས།” ཞེས་བྲིས་ཡོད་པ་དང་། ཁ་ཆེམས་ཡི་གེའི་ནང་ “མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན།” ཞེས་འཁོད་ཡོད་འདུག

ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ། ངས་བསྒྲིགས་པའི་ཞལ་ཆེམས་ཁག་གི་ནང་། རང་ལུས་མེར་སྲེག་གནང་མཁན་ ༣༨ པ་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱི་ཞལ་ཆེམས་ཆད་འདུག་པས་དགོངས་སེལ་འབྲེལ་ནས་འདིར་འགོད་རྒྱུ་ཡིན་་་་་་་་་་་་་་་་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ ཉིན་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས། འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་ཡོད་པ་ལྟར། ཉེ་ལམ་ཁོང་གི་ནང་མིས་ཁོ་མོས་བཞག་པའི་ཁ་ཆེམས་ཡི་གེ་རྙེད་སོན་བྱུང་ཡོད་འདུག རི་ཀྱོ་ལགས་ཀྱིས་ཁ་སྐད་ཀྱི་ལམ་ནས་བྲིས་ཡོད་པའི་ཁ་ཆེམས་ཡི་གེ་དེའི་ནང་། “འཛམ་གླིང་བདེ་སྐྱིད་ཐོབ་པར་ཤོག  རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་བྱོན་ཐུབ་པའི་ཆེད། བཤའ་ཚོང་མ་བྱེད། ཉེ་རིང་ལ་མ་རྐུ། བོད་སྐད་ཤོད། སྲོག་མ་གཅོད། ནང་འཛིང་མ་བྱེད། སེམས་ཅན་ཐམས་ཆད་ཀྱི་སྡུག་བསྔལ་ང་ཡོད་པར་ཤོག ང་མ་ཤི་བར་རྒྱ་ལག་ལ་ཤོར་སོང་ན་ཁྱེད་ཚོས་མ་འཛང་མ་སྣོག (ཡུལ་སྐད།) མཐུན་འབྲེལ་བྱོས། ལག་སྡང་གཅིག་ཏུ་འབྲེལ་ནས་རིག་གནས་སྦྱོང་། རིག་གནས་སྦྱོང་། ང་མེར་བསྲེགས་རྗེས་བཟའ་མི་ཚང་མས་སེམས་མ་སྡུག ” ཅེས་འཁོད་འདུག