དཔལ་འབྱོར་ལ་སྒྱུར་བཅོས་དགོས་ཀྱང་ཆབ་སྲིད་ལ་སྟངས་འཛིན་དགོས
ད་ལྟའི་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཅུས་ནང་ཨུ་ཡོན་མི་གྲངས་ ༢༤ ཡོད་ཁོངས་ནས། རྒྱུན་ལས་དགུ་ Standing Committee ཡོད་པ་ནས། སྲིད་འཛིན་ཧུ་ཅིན་ཐའོ་ Mr Hu དང་། སྲིད་བློན་ཝུན་ཅཱ་བའོ་ Wen Jiabao གཉིས་གོ་གནས་ནས་ཕྱིར་འཐེན་དང་། ཞི་ཅིན་ཕིང་Xi Jinping དང་ལི་ཁོ་བྱང་ Li Keqiang གཉིས། སྲིད་འཛིན་དང་སྲིད་བློན་ཆགས་ངེས་ཡིན་ཞེས་བརྗོད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་སོགས་ཆབ་སྲིད་ཀྱི་དབང་ཆ་མཐོ་བའི་རྒྱུན་ལས་མི་ ༩ བསྐོ་སྲོལ་ཡོད་པ་ནས། འདི་ལོ་གཉིས་ཉུང་དུ་བཏང་ནས་རྒྱུན་ལས་མི་ ༧ ཆགས་སྲིད་པ་དང་། དེ་དག་ཚང་མ་ད་ཐེངས་ཏང་གི་ཚོགས་ཆེན་ནང་ཚོགས་མི་ ༢༣༠༠ ཙམ་གྱིས། མོས་མཐུན་ཡོད་མདོག་གིས་ལག་པ་བརྐྱངས་ནས་བསྐོ་ངེས་རེད། སྲིད་འཛིན་ཧུའུ་ཡིས། ཚོགས་ཆེན་དབུ་འཛུགས་ཀྱི་གཏམ་བཤད་ནང། “ང་ཚོ་ཁྲིམས་ཀྱི་དབང་སྒྱུར་ལས་དབང་ཆ་གཅིག་བསྡུས་རིང་ལུགས་མེད་”ཅེས་སྐད་ངག་མཐོན་པོས་བཤད་ཡོད་རུང་། དཔོན་པོ་འདེམས་སྟངས་འདི་ནས་ཧུའུ་ཡི་གཏམ་བཤད་སྐྱག་རྫུན་ཡིན་པ་ཤེས་ཐུབ་་་་་།
གུང་ཁྲན་ཏང་གི་ཚོགས་བཅོ་བརྒྱད་པ་ཟླ་འདིའི་ཚེས་ ༨ ནས་འགོ་བཙུགས་ཏེ་ ༡༨ བར་འཚོག་རྒྱུ་ཡིན་པ་དང་། ད་ལྟའི་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཅུས་ནང་ཨུ་ཡོན་མི་གྲངས་ ༢༤ ཡོད་ཁོངས་ནས། རྒྱུན་ལས་ (Standing Committee ) དགུ་ཡོད་པ་ནས་སུ་དང་སུ་རྒས་ཡོལ་དང་། དེ་མིན་བསྐྱར་དུ་རྒྱུན་ལས་ཀྱི་དབང་ཆ་ཐོབ་མཁན་སུ་ཡིན། ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནས་རྒྱུན་ལས་སུ་གསར་པ་སླེབས་མཁན་སུ་ཡིན་བཅས་གསང་བའི་ཐོག་ནས་ཐག་བཅད་ཟིན་རུང། ཟླ་འདིའི་ཚེས་ ༡༥ ཉིན་བར་གསང་རྒྱ་བྱེད་གཏན་འཁེལ་ཡོད།
ཚོགས་ཆེན་འདིའི་ནང་། རྒྱ་ནག་རྒྱལ་ཡོངས་སུ་འབྱོར་ལྡན་ཆེ་ཤོས་ཀྱི་མི་ ༧ ཚོགས་ཞུགས་བྱས་ཡོད་པ་དང་། ཚོགས་ཆེན་སྐབས་བདེ་སྲུང་གི་ལས་ཀ་ལ་ཞོགས་འདེགས་བྱེད་མཁན་མི་གྲངས་ས་ཡ་ ༡ དང་གྲངས་ཆུང་ ༤ ། (1.4 million volunteers) དང་བླང་གི་མིང་ཐོག་ནས་བསྐོ་འཛུགས་བྱས་ཡོད། དེ་བཞིན་འགྲུལ་སྐྱེལ་སྣུམ་འཁོར་ནས་ངོ་རྒོལ་གྱི་ཡིག་ཆ་སོགས་མི་གཏོར་བའི་ཆེད་དུ། སྒེའུ་ཁུང་གི་ལག་འཐེན་བཀོག་དགོས་པའི་བཀོད་ཁྱབ་བཏང་སྟེ། པེ་ཅིང་གི་འགྲུལ་སྐྱེལ་སྣུམ་འཁོར་ (Taxi ) སྒེའུ་ཁུང་ཕྱེ་ནས་འགྲོ་མཁན་མཐོང་རྒྱུ་མེད་པ་དང་། རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་ Amnesty International པའི་བསྒྲགས་གཏམ་ནང་། རྒྱ་ནག་གི་ཆབ་སྲིད་བཙོན་པ་མི་གྲངས་ ༡༣༠ ལ་ཚོགས་ཆེན་འདིའི་སྐབས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཅེས་འཁོད་ཡོད། ད་དུང་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ Bo Xilai, བྷོ་ཤི་ལེ་ Chongqing དམག་ཕྱོགས་ཚོགས་པའི་འགོ་འཁྲིད་ཟུར་པ་ཡིན་པ་དང་། ཉིན་སྔོན་ཆབ་སྲིད་ཀྱི་ལས་གནས་ནས་ཕྱིར་ཕུད་བཏང་ཟིན་པ་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀར་དེ་བས་དམ་དྲག་ནན་མོ་བྱེད་བཞིན་ཡོད་པ་རེད།
སྲིད་འཛིན་ཧུའུ་ཡིས། མི་མང་ཚོགས་ཁང་ཆེན་མོའི་ནང་ཚོགས་ཆེན་འགོ་འཛུགས་ཀྱི་གཏམ་བཤད་དུ། “ང་ཚོས་དམིགས་ཡུལ་མཐོན་པོ་དང་ལས་དོན་ཧུར་བསྐྱེད་ཀྱི་ཐོག་ནས། ཚན་རིག་དང་མཐུན་པའི་ལས་དོན་མུ་མཐུད་ནས་གོང་མཐོར་བཏང་སྟེ། སྤྱི་ཚོགས་ཞི་བདེ་དང་མི་མང་གི་འཚོ་བ་ཡར་རྒྱས་གཏོང་དགོས། རྒྱ་ནག་གི་ཡར་རྒྱས་དེ་སྤྱི་སྙོམས་ཚད་ལྡན་དང་སྲ་བརྟན་གཏོང་དགོས་ཤིང་། ཛ་དྲག་གི་ཐོག་ནས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་བྱེད་དགོས་པ་དང་། གལ་ཏེ་ལྐོག་ཟའི་གནད་དོན་ཐོག་ལྷོད་ཡང་སོང་ན་དེ་ནི་གུང་ཁྲན་ཚོགས་པ་ཉམས་ཆགས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་ཤེས་དགོས་ལ། མི་སུ་འདྲ་ཞིག་གིས་ཁྲིམས་འགལ་བྱས་ན། མི་དེ་ཚོ་སུ་ཡིན་རུང་གོ་གནས་གང་འདྲ་ཞིག་ཡིན་རུང་། གཞུང་གི་གོ་ས་གང་ཞིག་ཡོད་རུང་། དེ་དག་ལ་ལྟོས་མེད་ཀྱིས་, “whoever they are and whatever power or official positions they have”, ཁྲིམས་ཀྱིས་ཞིབ་དཔྱོད་བྱེད་དགོས་”ཞེས་སྐད་ངག་མཐོན་པོ་དང་མིག་གཉིས་ཆེན་པོ་བགྲད་དེ་བཤད་པས། དེ་ཡོད་ཀྱི་ཚོགས་ཞུགས་བ་ཚང་མས་དུས་གཅིག་ལ་ལག་པ་བརྡབ།
གཏམ་བཤད་འདིའི་རྒྱབ་ལྗོངས་གཙོ་བོ་ནི། ཉིན་སྔོན་རྒྱ་ནག་གི་དཔོན་རིགས་མཐོ་གྲས་བྷོ་ཤི་ལེ་ Bo Xilai་ དང་ཁོང་གི་བཟའ་ཟླ་གཉིས་ལ་འབྲེལ་བ་ཆགས་ཡོད། གང་ཡིན་ཞེ་ན་ཁོང་གི་བཟའ་ཟླས་དབྱིན་ཇིའི་ཚོང་པ་ཆེན་པོ་ཞིག་ལྐོག་གསོད་བཏང་བའི་གྱོད་གཞིའི་འོག་ནས་བཙོན་འཇུག་བྱས་པ་དང་། ཁོང་ལ་ད་ལྟའི་སྐབས་ལྐོག་ཟ་རུལ་སུངས་ཀྱི་གྱོད་འཛུགས་བྱེད་དེ་ཁ་མཆུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང། སྲིད་འཛིན་ཧུའུ་ཡི་ལག་གཡས་པ་སྲིད་བློན་ཝུན་ཅཱ་བའོ་ Wen Jiabao ཡིས། ཨ་སྒོར་ས་ཡ་མང་པོ་ལྐོག་ཟ་བྱས་ཡོད་པའི་སྐོར། ཨ་རིའི་དུས་བབ་ཚགས་པར་སྟེང་ཉིན་གྲངས་འགའི་སྔོན་ནས་བཏོན་ཚར་ཡོད་རུང། དེའི་སྐོར་གླེང་སློང་སྤུ་ཙམ་ཡང་མེད་པ་ལྷིང་འཇགས་པོའི་ངང་་ནས་གནས་ཡོད་ལ། ད་དུང་སྲིད་བློན་ཝུན་གྱིས་མིག་ཤེལ་དཀར་པོ་དེར་ལག་པ་འཆང་ཙམ་རེ་བྱས་ནས། སྲིད་འཛིན་གྱི་གཏམ་བཤད་བློ་ལ་ངེས་པའི་རྣམ་འགྱུར་དང་བཅས་མགོ་གཡུགས་ཙམ་རེ་དང་འཛུམ་སྟོན་ཙམ་རེ་བྱས།
སྲིད་འཛིན་ཧུའུ་ཡིས་མུ་མཐུད་དེ། “རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་ཡར་རྒྱས་ལ་ཐབས་ལམ་གསར་པ་དགོས་པ་དང་། ཕྱི་ལོ་ ༢༠༡༠ དང་བསྡུར་ན་རྒྱ་ནག་གི་
ཡང་ཧུའུ་ཡིས། ‘དཔའ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་དགོས་རུང་ཆབ་སྲིད་སྒྱུར་བཅོས་ལ་སྟངས་འཛིན་བྱེད་དགོས། གུང་ཁྲན་ཏང་གི་འོག་ཏུ་ཡོད་པའི་མི་རིགས་སུ་འདྲ་ཞིག་ཡིན་རུང་ཁྲིམས་ཀྱི་ཐོབ་དབང་ཡོད་ཚད་སྤྱི་སྙོམས་ཀྱི་ཐོབ་ཀྱི་ཡོད་པ་དང་། གུང་ཁྲན་ཏང་ནི་ཁྲིམས་ཀྱི་དབང་སྒྱུར་ཡིན་པ་ལས་དབང་ཆ་གཅིག་བསྡུས་རིང་ལུགས་མིན། ལམ་ལུགས་རྙིང་པར་སྒྱུར་བཅོས་བྱེད་དགོས་པ་དང་། ནུབ་ཕྱོགས་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་འགྲོ་དགོས་དོན་མེད། མེས་རྒྱལ་ཁྱིམ་ཚང་ཆེན་པོ་འདིའི་ཆེད་དུ་གུང་ཁྲན་ཏང་མི་རྒན་རབས་པ་ཚོས་བྱས་རྗེས་ཧ་ཅང་བཞག་མྱོང་ཡོད་ལ། ད་ལྟ་དང་མ་འོངས་པའི་གུང་ཁྲན་ཏང་མི་ཚོས་མེས་རྒྱལ་དང་ཏང་གི་ཆེད་དུ་བྱས་རྗེས་འཇོག་དགོས་”ཞེས། གཅིག་ཚོད་ ༡།༣༠ ལྷག་ཙམ་གྱི་རིང་ལ་གཏམ་བཤད་བྱས་པས་ཏང་མི་རྒན་གྲས་འགའ་རེ་རྨི་ལམ་ཞིང་ཁམས་སུ་བསྐྱོད།།
༢༠༡༢།༡༡ །༩ ཉིན།།
.