༄༅།། ཁྱེད་ཀྱི་སྙིང་གཏམ།

 

ཕར་ཕྱོགས་གཙང་བོའི་འགྲམ་ནས།། 

ལྷད་མེད་སེམས་ཀྱི་གསེར་ཉ།།

གཙང་ཆུའི་བཞུར་རྒྱུན་ཁྲོད་ནས།།

འགྱུར་མེད་གཏན་ཚིགས་གང་ཡིན།། 

 

 

སྐྱིད་ཆུའི་མིག་ཆུ་བཞུར་ས།། 

ཁྱེད་ཀྱི་སྙིང་གཏམ་བཤད་ས།།

ང་ཡི་རེ་སྒུག་བྱེད་ས།།

ཐུགས་ཀྱི་དཀྱིལ་ཏུ་བཞུགས་སམ།།

 

དབུ་ཕྱོགས་ཇོ་བོའི་མདུན་ནས།།

སྐྱིད་སྡུག་སེམས་ཀྱི་གླེང་རོགས།།

 ཐུགས་ལ་བརྗེད་པ་མེད་ན།།

མཚན་གྱི་རྣམ་གྲངས་གང་ངམ།།

 

གཡའ་མ་ལུང་གི་ཕུག་ནས།།

མི་བརྗེད་སེམས་ཀྱི་དྲན་བརྟེན།།

དྲན་པའི་གདོང་གི་ངོས་སུ།།

  སྐོས་པའི་རི་མི་གང་ངམ།།

 

ཡུམ་བུ་བརླ་མཁར་ཕྱོགས་སུ།།

ལྗོངས་རྒྱུར་ཕེབས་པའི་ལམ་ཡིག།

 ཉིན་ཐོའི་ནང་དུ་ཡོད་དམ།།

 ཕྱི་དྲན་ཤོར་ས་གང་ཡིན།།  

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་

དཔལ་ཤུལ་འབྲོང་སྲས་སུ་འབོད་པས་སུག་བྲིས་སོ།།  ༢༠༡  ༡༡  ༥