ལྡི་ལི་དྷོ་ཝར་ཀར་བོད་མི་སུད་ཚོང་ཁྲོམ་ར་གསར་འཛུགས།

ལྡི་ལི་ནས་བསོད་ནམས་སྟོབས་རྒྱལ་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ལྷོ་ནུབ་ཏུ་ཡོད་པའི་དྷོ་ཝར་ཀ་ཞེས་པའི་ས་གནས་ཀྱི་ཁྱབ་ཁོངས་སུ། དྷོ་ཝར་ཀ་བོད་མི་སྐྱབས་བཅོལ་བའི་དཔལ་འབྱོར་ཁྲོམ་ར་ཚོགས་པས་རྒྱ་གར་ནང་

གནས་སྡོད་བོད་མི་ཁྱིམ་ཚང་༥༠ བརྒལ་བ་ཞིག་ལ་སུད་ཚོང་གིི་ཁྲོམ་ར་ཞིིག་གོ་སྒྲིག་བྱས་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་༡༡ ཚེས་༡ ཉིན་ཁྲོམ་ར་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

img_3507དེར་སྐུ་མགྲོན་གཙོ་བོ་དྷོ་ཝར་ཀ་ས་གནས་དྷི་ལི་མངའ་སྡེ་གྲོས་ཚོགས་འཐུས་མི་སྐུ་ཞབས་དྷ་རམ་དྷེབ་ཤོ་ལན་ཀི་་མཆོག་དང་། ལྡི་ལིར་གནས་སྡོད་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས། དྷི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་སོགས་ཕེབས་ཡོད་པ་རེད།

ཉིན་དེར་རྒྱལ་སྤྱིའི་བྱམསབརྩེ་བདེ་རྩའི་འཛིན་སྐྱོང་གི་ཁྱབ་ཁོངས་སུ་ཡོད་པའི་དྷོ་ཝར་ཀ་བོད་་ཕྲུག་དྭ་ཕྲུག་དང༌། དབང་པོ་སྐྱོན་ཅན་གཉོར་སྐྱོང་ཁང་གི་འགན་འཛིན་འབྲས་སྤུངས་བློ་གསལ་གླིང་གི་གྲགས་པ་རིན་པོ་ཆེས་རྟེན་འབྲེལ་རབ་གནས་གནང་ཡོད་པ་རེད།
སྐུ་མགྲོན་གཙོ་བོས་བོད་རིགས་སུད་ཚོང་པ་ཚོར་ས་གནས་གཞུང་མང་ནས་རོགས་སྐྱོར་གང་ཐུབ་གནང་རྒྱུ་ཡིན་སྐོར་གྱི་གསུང་བཤད་གནང་།

བོད་མི་མང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ཀྱིས་བོད་མི་སུད་ཚོང་པས་དགུན་ཚོང་རྒྱུའི་དཀའ་ངལ་སྐོར་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང། ས་གནས་འགོ་འཛིན་གྱིས་སུད་ཚོང་པ་ཚོས་ཡུལ་ཁྲིམས་སྲུང་རྩི་དང༌། བོད་མིའི་བཟང་སྤྱོད་ལྡན་པའི་ཐོག་ཡུལ་མི་དང་མཛའ་མཐུན་མཉམ་གནས་གནང་དགོས་པ་དང༌། ས་གནས་འདི་ས་གནས་འགོ་འཛིན་ཉིད་ཀྱི་སྒྲིག་ཁོངས་སུ་ཡོད་སྐོར་གྱི་གསུང་བཤད་གནང་སོང་།

མཛད་སྒོའི་མཐའ་མར་གོང་གསལ་ཁྲོམ་ར་ཚོགས་པའི་ཚོགས་གཙོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།།