ཨ་མདོ་རེབ་གོང་དུ་བུད་མེད་ཅིག་གིས་རང་ལུས་མེར་སྲེག
ཟླ་འདིའི་ཚེས་༡༧ ཉིན་ཨ་མདོ་རེབ་གོང་སྨད་པ་ཁ་རྒྱ་ནས་ཡིན་པའི་ལྕགས་མོ་སྐྱིད་ཀྱིས་རེབ་གོང་ཁུལ་དགའ་བདེ་ཁྲོམ་
བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལྕགས་མོ་སྐྱིད་ནི་རང་ལོ་༢༦ ཡིན་པ་དང་། ཁོང་གི་ཕའི་མིང་ལ་འབྲུག་བྱམས་དང་། མིང་མིང་ལ་སྒྲོལ་མཚོ་ཟེར་གྱི་ཡོད་འདུག ཁོང་གིས་བོད་ནང་གི་ཕྱི་དྲོ་ཆུ་ཚོད་༤ཡས་མས་སུ་རེབ་གོང་ཁུལ་་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་གྱི་ཁྲལ་བསྡུ་ལས་ཁུངས་ཀྱི་སྒོ་ཁ་ནས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག་ལ། རྒྱ་དམག་ཡོང་སྟེ་ཁོང་གི་ཕུང་པོ་འཕྲོག་བྱས་བྱས་ཡོད་ནའང། མི་མང་གིས་འཕྲོག་མ་བཅུག་པར། ད་ལྟ་དགོང་དྲོ་བོད་ནང་གི་ཆུ་ཚོད་༧ པ་ཡས་མས་སུ་རེབ་གོང་རོང་བོ་དགོན་པའི་རྒྱབ་རིའི་གདོང་རྒྱ་ཀླད་དུ་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་གཙོས་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་སྐུ་ཕུང་རོང་བོ་དགོན་ཆེན་གྱི་རྒྱབ་རི་ངོས་སུ་དགེ་འདུན་པས་སྐུ་ཕུང་སྦྱིན་སྲེག་གནང་ཡུལ་དེར་གདན་འདྲེན་ཞུས་འདུག་པ་དང་། ད་ལྟ་ཁྱོན་ས་གནས་སུ་བོད་མི་སྟོང་ཕྲག་མང་པོས་༧གོང་ས་མཆོག་གི་གསོལ་འདེབས་དང་མ་ཎི་སོགས་དབྱངས་ལ་གྱེར་བ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཁ་གཡང་སྣ་ཚོགས་སྒྲོགས་བཞིན་ཡོད་པ་དང་སེར་སྐྱ་མི་མང་ཚང་མས་སྨོན་ལམ་གསུང་བཞིན་སྐུ་གདུང་སྤྱིན་སྲེག་བྱེད་རྒྱའི་ལྟ་གོན་བྱེད་བཞིན་འདུག
ད་ལྟ་རེབ་གོང་རོང་བོ་ཁུལ་ཐོག་ཏུ་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་པོས་ལག་ཏུ་མཚོན་ཆ་ཐོགས་ནས་དམ་དྲག་ཤུགས་ཆེན་བྱས་བཞིན་བྱེད་བཞིན་ཡོད་འདུག ཉེ་སྔོན་ནས་བཟུང་ཉིན་མཚན་གཉིས་ཀར་ལྟ་སྲུང་ནན་མོར་བྱེད་བཞིན་ཡོད་འདུག
མོ་ལ་བྱིས་པ་བུ་གཉིས་ཡོད་ཡོད་པ་དང་ནམ་རྒྱུན་ཟི་ལིང་དང་རྩེ་ཁོག་སོགས་སུ་གླ་གཏོང་རླངས་འཁོར་གཏོང་བཞིན་ཕྱག་ལས་གནང་གི་ཡོད་འདུག །