ཕུགས་བསམ་མེད་པའི་མདུན་བསྐྱོད།
ཕུགས་བསམ་མེད་པའི་མདུན་བསྐྱོད་ནམ་ཡང་བྱེད་མི་རུང།
ཐོག་མ་ངས་ཁྱེད་རྣམས་ཀྱི་ཟུང་ཁྲག་གི་བཞུར་སྒྲ་དང་ལྷན་དུ་འདྲིས་པའི་ རྒྱལཞེན་གྱི་ཚོར་ཤུཊ་ལ་ཕྱག་གསུམ་འཚལ་རྒྱུ་ཡིན། བོད་གཞུང་ཞེས་པའི་མིང་ཚིག་དང་། རང་བཙན་ཞེས་པའི་མིང་ཚིག་གཉིས་ལ་མི་དགའ་མཁན་རྩམ་་ཟན་བོད་མི་གཅིག་ཀྱང་མེད་ ཟེར་ན་མི་འགྲིགས་པ་ག་ལ་ཡོད།
འོན་ཀྱང་མིང་ཚིག་དེ་གཉིས་རྒྱ་ཞེན་གྱི་ཚོར་ཤུཊ་སུལ་ནས་གཟུངས་སྔཊ་བཞིན་ བགྲངསབ་དང། རྡ་སའི་ནགས་ཀློང་ཁྲོད་དུ་བོད་ཡིག་གི་མིང་བྱང་བཙུགས་པ་ཙམ་་གྱི་མི་འགྲིགས་པར་ ཁྲིམས་མཐུན་གྱི་རྒྱ་ལྗོངས་དང་ལྷན་དུ་རྒྱལ་སྤྱིའི་བདན་ཆས་ཐོག་དུ་འགྲོ་ཐུབ་ མིན་ནི་སྐབས་འདིའི་དཔྱད་གཞིའི་གཙོ་བོ་བཟུང་དགོསཔ་དེའི་ཡིན། རྒྱལ་སྤྱིའི་གནས་བབ་དང་། མི་སེམས་འགྱུར་ལྡོག་ཀྱི་དབང་གི་ཁྲིམས་མཐུན་གྱི་རྒྱབ་ལྗོངས་མེད་པ་དེ་ ལས་ལྡོག་པ་ཞིག་ཆགས་ཀྱི་ཡོད་ན་མིང་ཚིག་དེ་གཉིས་འགྱུར་བ་གཏོང་དགོས་བྱུང་སོང་ ཞེས་པའི་ཚིག་དེའི་བེད་སྤྱོད་གཏོང་དགོས་པ་ལས་འགྱུར་བ་གཏང་སོང་ཞེས་པའི་ཚིག་ དེའི་ནམ་ཡང་བེད་སྤྱོད་གཏང་མི་རུང་།་་
གོང་སྨྲས་གནས་སྟངས་དབང་གིས་འགྱུར་བ་གཏོང་དགོས་བྱུང་བ་ཡིན་ན་རྙོག་དྲ་དེའི་ སྤྱི་གཟུགས་ཟླུམ་པོའི་སྟེང་དུ་བཤད་དགོས་པ་ལས་ནང་ཁུལ་བོད་མིའི་སྟེང་དུ་གཞི་ མེད་ཀྱི་ནག་ཉེས་དེའི་ནམ་ཡང་བཙུཊམི་རུང་། གཞི་མེད་ཀྱིས་སྐྱོནའཛུགས་དབང་གི་གཞུང་འབངས་འཐབ་རྩོད་ཅན་དུ་གྱུར་ན་གཞན་རྒྱལ་ རང་ཕམ་གྱི་ལས་སུ་ཞུགས་ཉེས་ཡོད་པས་ཡིད་གཟབ་བྱེད་དགོས་པའི་གནས་ཞིག་ཏུ་སྣང་།ད་ དུང་ང་ཚོས་ཐག་བཅོད་གཞན་ཞིག་བྱེད་ཐུབ་པ་ནི་མི་ལོ༥༠རང་ལ་ལས་དོན་ལ་ཧུ་ཐག་བྱེད་ པའི་མི་རིཊ་ཀྱི་འཐབ་རྩོད་པ་ཞིག་གིས་བསམ་ཡུལལས་འདས་པའི་འོས་མིན་གྱི་ཐག་བཅོད་ མི་བྱེད་པ་ཅི་ཕྱིར་ཡིད་ཆེས་བྱེད་མི་ཐུབ། ཁོ་བོས་ཇི་ལྟ་བསམ་བློ་གཏང་ཡང་ད་ལྟའི་ཁོར་ཡུག་དང་གནས་བབ་གང་ལ་ལྟས་ཀྱང་གནད་ དོན་འདི་ལས་གཞན་ཞིག་ནམ་ཡང་རྙེད་ཐབས་མེད་པ་ཞིག་རེད་བསམ་གྱིན་ཡོད། འདི་ནི་་ཁྲིམས་མཐུན་གྱི་འཐབ་རྩོད་ཞིག་ཡིན་པས་རྒྱ་ནག་གིས་ཆབ་སྲིད་ཀྱི་རྣམ་པ་ འདྲ་མིན་སྒོ་ནས་ཁྲབ་སྟོན་བྱེད་ཡུལ་མེད་པ་ཞིག་དུ་སྣང་།་མིང་ཚིག་དེ་གཉིས་་ འགྱུར་བ་གཏང་ནས་ད་ཆ་འགྲོ་བ་མི་ཡི་ལྷན་སྐྱེས་ཀྱི་ཐོབ་ཐང་རྩིས་སྲུང་དང་འཐབ་ རྩོད་བྱེད་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་གི་ངོ་བོ་བསྒྱུར་བ་རེད། དེ་ལ་བརྟན་ནས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་དང་རྒྱ་ནག་ནང་གི་དམིངས་གཙོ་དོན་གཉེར་པ་ཤེས་ཡོན་ཅན་མང་པོ་ཞིོག་གི་མངོན་ གསལ་དོག་པོའི་རྒྱབ་སྐྱོར་བྱེད་སའི་ལས་རུམ་ཞིག་འགོ་བཙུགས་པ་རེད། ད་ནི་གནས་ཡུལ་རྒྱ་གར་ཞུང་གི་ཀྱང་བློ་བདེ་པོའི་ངང་རྒྱབ་སྐྱོར་བྱེད་བདེ་བ་དང་ བོད་མིའི་འཐད་རྩོད་དེ་ཁྲིམས་མཐུན་གྱི་བདན་ཆས་སྟེང་སྐུ་ཚེ་རིང་པོ་བཞུགས་སུ་ གསོལ་བ་རེད།
ཁྱེད་རྣམས་ཀྱི་བརྩེ་སེམས་ཀྱི་འཛིན་མའི་ཁྱོད་ལ་རྒྱལ་ཞེན་གྱི་དུང་ཟླ་ བཞད་པ་ངོ་མཚར་ཆེ་མོད། འོན་ཀྱང་རྒྱལ་ཞེན་གྱི་མདུན་རྒྱུག་བྱེད་པ་ལས་ཕུགསབསམ་གྱི་རྨང་གཞི་ཚོལ་ན་ དགའ།
ལི་ཕྲུག་ཉི་མས་རྒྱ་གར་ལྷོ་ཕྱོགས་ནས།།
