རང་སྲེག་ལས་འགུལ་བ་དཀོན་མཆོག་སྐྱབས་སྐུ་གྲོངས་འདུག

01_konchok_kaybའདི་ལོའི་ཕྱི་ཟླ་༡༡ ཚེས་༣༠ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་གཟའ་རུའི་དཀོན་མཆོག་སྐྱབས། ཟླ་འདིའི་ཚེས་༡ ཉིན་གྱི་དགོང་མོ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་འདས་གྲོངས་སུ་གྱུར་ཡོད་ཀྱང་།

རྒྱ་གཞུང་གིས་ཁོང་གི་རུས་ཐལ་ཞིག་མ་གཏོགས་སྐུ་ཕུང་ནང་མིར་ཕྱིར་སྤྲད་མེད་པ་རེད།

01_konchok_kayb1ད་ལྟ་ཆར་རྔ་པ་ཁུལ་མཛོད་དགེ་ཕྱོགས་གཙོ་བོར་གྱུར་པའི་བོད་མི་སྐྱ་སེར་དང་རྒན་གཞོན་ཁྱད་མེད་དུ་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཀྱི་ནང་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་མྱ་ངན་གུས་འདུད་ཞུ་བར་བཅར་མཁན་གྱི་བོད་མི་ཧ་ཅང་མང་པོ་ཡོང་མུས་ཡིན་འདུག །
http://www.tibetexpress.net/bo/home/2010-02-04-05-37-19/9754-2012-11-30-15-17-13