༄། དཔལ་རྒྱལ་བ་ཙོང་ཁ་པ་ཆེན་པོ། །

ཀླུ་འབུམ་དགེ་བའི་ས་གཞི་ལ།
ཤིང་བཟའ་ཨ་མིང་ལྗོན་པ་རྒྱས།
འབྲས་བུ་ཁྱེའུ་སྐུ་མཚན་འབུམ།
ཙོང་ཁའི་དགེ་མཚན་གླིང་བཞིར་ཁྱབ། །

ཀརྨ་རོལ་་བའི་རྡོ་རྗེ་ལས།
དགེ་བསྙེན་ཀུན་དགའ་སྙིང་པོར་བཞེངས།
ཆོས་རྗེ་དོན་འགྲུབ་རིན་ཆེན་ལས།
རབ་ཏུ་བྱུང་བས་བློ་བཟང་གྲགས། །

མཁན་ཆེན་ཚུལ་ཁྲིམས་རིན་ཆེན་དང་།
གྲངས་ལྡན་དབུས་སུ་དགེ་སློང་མནོས།
ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཅིང་།
འཆད་རྩོད་རྩོམ་གསུམ་སྲིད་ན་རྒྱལ། །

ང་གསུམ་ཆོ་འཕྲུལ་སྨོན་ལམ་དང་།
རི་བོ་དགེ་ལྡན་གླིང་བཏབ་ཅིང་།
ཆོས་སྦྱིན་བསམ་མི་ཁྱབ་མཛད་ནས།
རེ་གསུམ་གཟུགས་སྐུའི་བཀོད་པ་བསྡུས། །
ཞེས་༡༢/༠༨/༡༢ ཉིན་གུས་ཕུལ། །