གྲོང་གསེབ་ནས་འབར་བཞིན་པའི་ཕ་ཡུལ་བོད་མཐོང་རྗེས་ཀྱི་བསམ་འཆར་ཞིག

བོད་ནང་ན་མནར་གཅོད་མྱོང་བཞིན་པ་དང་། ཕྱི་ལོགས་ནས་རང་དབང་ལ་སྒུག་བཞིན་པའི་སྤུན་ཟླ་

ཡོང་ལ་ཉིས་སྟོང་བཅུ་གཉིས་རྫོགས་ལ་ཉེ་བའི་སྐབས་འདི་བརྒྱུད་ནས་སེམས་གསོའི་འཚམས་འདྲི་ཞུ་བ

་དང་ལྷན་དུ། སེམས་ཁོང་གི་ཚོར་བ་དང་བྷོད་ཀྱི་ད་ལྟའི་གནས་སྟངས་སྐོར་ནས་ཕྲན་བུ་ཞིག་ངས་ཀྱང་མ་ཞུ་ཐབས་མེད་འདི་འབྱུང་བཞིན་པ་རེད།


བོད་མི་ཡོང་རྫོགས་དམར་པོའི་རྒྱ་ཡི་ལག་འོག་ཏུ་ལྷུང་བའི་ཉིན་མོ་དེ་ནས་བཟུང་། སྡིག་གི་མུན་པ་ནག་པོ་ཞིག་བོད་མིའི་མགོ་ཐོག་ཏུ་ཤར་དེ་སྐྱེ་བོ་འབུམ་ཕྲག་དུ་མ་མཚོན་འོག་དུ་འཆི་དགོས་བྱུང་བ་དང་། འབུམ་ཕྲག་དུ་མས་བཙོན་དུ་མུ་གེས་ཤི་དགོས་བྱུང་བ་དང་། ཡུག་ས་དང་། ད་ཕྲུག་འབུམ་ཕྲག་མང་པོར་སེམས་པ་སྡིག་གིས་མནར་ནས་ལྷག་ཡོད་ཅིང་། འབུམ་ཕྲག་མང་པོ་ཕྱི་ཡི་རྒྱལ་ཁབ་གང་སར་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་བ་དང་། དེ་ནས་བཟུང་སྟེ་བོད་མི་འབུམ་ཕྲག་མང་པོས་རང་དབང་གི་འབོད་སྒྲ་འཛམ་གླིང་ལ་བསྒྲགས་ཡོད་ལ། འབོད་སྒྲ་དེ་ལོ་ངོ་ལྔ་བཅུ་ཕྱིན་ཀྱང་ད་དུང་ཞི་འཇགས་སུ་འགྲོ་ཐུབ་མེད་པར་མ་ཟད། གནས་ཚུལ་དེ་དག་དེ་ལས་ལྡོག་ཕྱོགས་སུ་སོང་ཡོད་པ་རེད།

རྒྱ་མའིས་བོད་ཐོག་ཏུ་གྲོས་ངན་མང་པོ་ཤོམས་བཞིན། ཞིང་འབྲོག་གི་འཚོ་བ་རྩ་མེད་དུ་བཏང་བའི་སྲིད་ཇུས་དང་། དགོན་པ་ཤུལ་མེད་དུ་བཏང་བའི་སྲིད་ཇུས་དང་། གཞོན་སྐྱེས་ཚོ་རྒྱ་མིའི་གོམས་གཤིས་འཇག་ཆེད་བོད་ཡིག་དང་བོད་པ་མེད་པའི་སློབ་གྲར་གཏོང་བ་དང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཆེད་རྒྱ་མི་དུང་ཕྱུར་མང་པོ་བོད་དུ་གནས་སྤོར་བྱེད་བཞིན་པ་དང་།  རྒྱ་ནག་རང་ཉིད་ཕྱུག་བདག་ཅན་དུ་བསྒྱུར་ཆེད་བོད་ཀྱི་བོད་ཡུལ་གྱི་རྩི་ཤིང་ནགས་ཚལ་དང་། གཏེར་ཁ་དང་ཐམས་ཅད་རྒྱ་ཡུལ་དུ་སྐྱེལའདྲེན་བྱེད་བཞིན་པ་དང་།  ཆུ་བོ་ཆེན་པོ་སོགས་ཚང་མ་ཁ་ཕྱོགས་བསྒྱུར་བ་དང་། རྩི་ཤིང་ཐམས་ཅད་བཅད་ཅིང་། ཡུལ་ལྷ་གཞི་བདག་ཐམས་ཅད་འཁྲུགས་སུ་བཅུག་ཡོད་ཅིང་།

དེ་ལ་བརྟེན་ནས་ཡུལ་ཤུལ་དང་། ཝུན་ཕྲན་དང་། དབུས་གཙང་སོགས་བོད་ཀྱི་ས་ཆ་གང་སར་འབྱུང་བ་མི་སྙོམས་པའི་སྐྱེན་གྱིས་བོད་མི་འབུམ་ཕྲག་མང་པོའི་གཅེས་པའི་ཚེ་སྲོག་ཤོར་བའི་སྐྱེན་ངན་པ་འདི་དག་བསླངས་ཡོད། ད་བོད་མི་རྣམས་ཀྱིས་དེ་དག་འཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་པ་ཙམ་གྱིས་བོད་མི་འབུམ་ཕྲག་མང་པོ་སླར་ཡང་ཁྲི་མུན་བཙོན་ཁང་དུ་བཅུག་བཞིན་ཡོད་ཅིང་། གཞན་རྣམས་མེ་མདའི་སོ་ཁ་སྡོད་དུ་བཅུག་ཏེ་གོམ་པས་སྤོ་མི་ཆོག་པ་དང་། ཁ་ཡིས་བཤད་མི་ཆོག་དང་། མིག་གིས་ལྟ་མི་ཆོག་པའི་ཚད་ལ་བསྐྱལ་ཡོང་བའི་དུས་སྐབས་འདི་ལྟ་བུ་ཞིག་ཤར་ཡོད།

དེ་ནས་བཟུང་སྟེ་བོད་མིའི་སྡུག་གིས་མ་བཟོད་པའི་འབོད་སྒྲ་ཇེ་ཆེ་ནས་ཇེ་ཆེ་ལ་སོང་ཞིང་། མཉམ་ལངས་ཀྱི་གོམ་བསྒྲོད་ཇེ་མང་དུ་སོང་ཞིང་། དེར་མ་ཟད་རང་གི་ཧ་ཅུང་ནས་ཀྱང་ཤིན་དུ་གཅེས་པའི་ཚེ་སྲོགས་རིན་ཐང་གཞལ་དུ་མེད་པ་འདི་ཡང་བོད་དོན་མེ་མཆོད་དུ་ཕུལ་བ་འདིི་འདྲའི་ཆེས་ཚད་མཐོ་བའི་ཞི་སྒོལ་ཆེན་མོ་ཞིག་བྱེད་དགོས་པ་བྱུང་བ་དང་།  འབྱུང་བཞིན་པའི་སྐབས་འདིར། ང་ཚོ་བོད་པ་ཚོ་ཚན་པ་བཞི་རུ་མི་འདོད་སྡུག་གིས་གྱེས་ཚར་བའི་ནང་ནས།

འདས་པོ་རྣམས་ནི་ཤུལ་ལུས་རྣམས་ཀྱི་ཆེད་དུ་གཤེགས་ཟིན་ཅིང་། རྒྱ་ནག་པོའི་བཙོན་དུ་ཡོད་པ་རྣམས་ནི་ཉིན་མཚན་སྐད་ཅིག་རེ་རེ་བཞིན་དུ་བསམ་ཀྱིས་མི་ལོང་བའི་བཟོད་མི་ཐུབ་པའི་དཀའ་སྡུག་གིས་མནར་བཞིན་ཡོད། གཞན་བོད་ནང་གི་བཙོན་ཁང་གི་ཕྱི་ལོགས་སུ་ཡོད་པ་རྣམས་ཀྱིས་ནི་འབོད་སྒྲ་དང་ཁྲོམས་སྐོར་ཞུ་གཏུགས་དང་། གཞན་ཡང་ཤིན་དུ་ཡ་ང་བའི་རང་ལུས་གསོན་པོ་རུ་མེ་མཆོད་ཕུལ་བཞིན་ཡོད་ན།

ད་གོང་ས་ཏ་ལའི་བླ་མ་མཆོག་དང་སྲིད་སྐྱོང་བའི་དབུ་ཁྲིད་པའི་རང་ཅག་ཕྱི་ལོགས་སུ་ཡོད་པའི་ཡུལ་ཀྱལ་བའི་སྡེ་ཚན་འདིས་གང་ཞིག་བྱེད་དགོས་མིན་ཐད་ལ་མི་མང་ནས་བསམ་མནོ་ཤུགས་ཀྱིས་གཏོང་དགོས་པའི་དུས་ལ་བབ་བཞིན་ཡོད་པ་དང་།  བསམ་མནོ་བཏང་བ་དེ་སྤྱི་འཐུས་རྣམས་པ་བརྒྱུད་ནས་གྲོས་ཚོགས་ཀྱི་ར་བའི་ནང་དུ་སླེབས་ཐུབ་པ་བཟོ་དགོས་པ་དང་། མི་མང་གྱི་བསམ་ཚུལ་མེད་ན་མི་མངས་ཀྱི་གཞུང་བརྒྱུད་ནས་དབང་བརྒྱུར་དང་། དམང་གཙོ་ཟེར་བའི་རིན་པོ་ཆེ་དེ་བེད་མ་ཆོད་པ་རེད། དེས་ན་སྤྱི་འཐུས་རྣམས་ནས་བྱེད་ཐབས་མེད་པས་ན།  དམང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་མི་མངས་རྣམས་པས་བསམ་འཆར་བོད་མི་རེ་རེ་ནས་འདོན་དགོས་པ་དང་། གྲོས་ཚོགས་སམ། ཡང་ཛ་གྲག་གི་ཚོགས་ཆེན་སླར་ཡང་སྐོང་དགོས་སོགས་བྱས་ནས། མཐའ་མའི་ཐག་གཅོད་ཀྱི་གྲོས་ཆོད་བརྟན་པོ་དང་གནད་ལ་ཁེལ་བ་འཇོག་ཐུབ་རྒྱུ་དང་།

དེ་ནས་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་གཞུང་དང་མི་མངས་དབྱེ་བ་མེད་པ། ཆོས་པ་དང་ཆབ་སྲིད་པ་དབྱེ་པ་མེད་པ། ཚོང་མ་ཉིན་བརྒྱ་དུས་ཐོག་གཅིག་ཏུ་སླེལ་ཐུབ་པ་བྱེད་དགོས་ཀྱིན་འདུག་པས་སྙིང་ནས་གསོལ་བ་འདེབས་པ་ལགས་ན་དེ་བཞིན་དགོངས་གནང་ཡོང་བར་མཁྱེན་མཁྱེན།