མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་༡༨ འཛིན་བཟུང་།

ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོར་ཨ་མདོ་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་༡༨ རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པའི་གནས་ཚུལ་སུད་སི་རྒྱལ་ཁབ་ཏུ་གནས་སྡོད་ཤ་བོ་རྡོ་རྗེས་འགྲེལ་བརྗོད་གནང་སོང་།

སློབ་མ་དེ་དག་གི་མིང་དང་ལོ་ཚོད་འཛིན་གྲྭ་སོགས་ད་སྔ་གསལ་བོ་ཤེས་རྟོགས་མ་ཐུབ་ཀྱང་། སློབ་མ་མང་ཆེ་བ་རྩེ་ཁོག་རྫོང་ཁོངས་ཀྱི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག ད་ལྟ་ས་གནས་སུ་དམ་དྲག་དང་བརྒྱུད་ལམ་ཚང་མ་བཀག་འགོག་བྱེད་ཀྱི་ཡོད་པས། གནས་ཚུལ་ཁ་གསལ་རག་གི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།