བོད་ལ་ལོག་འགྲོ་བ་ཐག་བཅད་ལ་ཚུར་ལོག་དགོས་བྱུང་བ།

༄༅། བྱམས་བརྩེ་ཕ་མ་གཉིས་ཀྱིས། ང་མ་སྒུག་པར་ཚེ་འདི་ནས་ཚེ་ཕྱི་མར་ཕྱིན་སོང་དུས། ད་ང་ཅི་བྱེད་མ་ཤེས། འཇིག་རྟེན་འདི་རུ་ཁེར་རྐྱང་ལྷག་སོང་དྲན། གློ་བུར་ཞིག་ཏུ། ངའི་སྤུན་མཆེད་གཅེན་པོ་དང་གཅེན་མོ། ཚ་བོ་དང་ཚ་མོ་ཨ་ཞང་དང་ཨ་ཁུ་སོགས་ཀྱིས། ཞལ་པར་སླེབས་བྱུང་། རང་ཡུལ་དུ་ལོག་ཤོག་ཅི་བྱེད་མི་ཡུལ་དུ་ཡུན་རིང་དྲག་སོང་། 

ད་བོད་ཁ་བ་ཅན་གྱི་ཡུལ་དུ་རྩམ་ཟས་ཀྱི་འཚོ་བ་སྤྱོད་ནས། ང་ཚོའི་མེས་པོ་རྣམས་ཀྱི་ལམ་ལུགས་སྲོལ་དང་མཐུན་པར་ཞིག་ཏུ། གནས་དགོས་གསུངས་བྱུང་ལ། དངོས་གནས་ང་རང་གི་སེམས་ནང་དུ་ཚོར་སྣང་མི་འདྲ་བ་ཞིག །སླེབས་རྐྱེན་གྱིས་སེམས་གྲང་ཤུམ་ཤུམ་གྱི་ངང་ནས། ཕ་ཡུལ་དུ་ལོག་འགྲོ་བའི་ཐག་བཅད་སྟེ། མེ་འཁོར་གྱི་འཛིན་ཏོག་ནས། རྒྱ་གར་གྱི་ལྷོ་ཕྱོགས་མོན་གྷོ་ནས་ལྡི་ལེ་ལ་ཐོན་པ་ཡིན། རྒྱ་ནག་གཞུང་ཚབ་ལས་ཁུང་ནས།  བོད་དུ་ལོག་ཆོག་པའི་འཛིན་སྤྲད་མ་བྱུང་། དེ་ནས་ངའི་སྤུན་མཆེད་རྣམས་ལ། ངས་ཞལ་པར་གཅིག་འབུལ་ཡིན། བོད་ལ་འོང་ཆོག་པའི་འཛིན་རགས་ཀྱི་མི་འདུག། རིང་ན་ལོ་གསུམ། ཐུང་ན་ལོ་གཅིག་དང་ཕྱེད་ཀ། འགོག་འགྲོ་ས་རེད། སྤུན་མཆེད་རྣམས་ལ་ངའི་རེ་བ་སྒུག་རོགས་ཞུ་ཡིན། དེ་ནས་ལམ་མགྲོན་གྱི་དངུལ་མ་འདང་བའི་དཀའ་ངལ་ཏོག་ཙམ་བྱུང་།ཡིན་ན་ཡང་སྟབས་ལེགས་པར་ཞིག་ཏུ། རང་ཡུལ་གཅིག་པའི་མི་གཅིག་ཐུག་བྱུང་། རང་ག་པར་འགྲོ་བ་ཡིན། ཟེར་ནས། དྲི་བ་གཏོང་བྱུང་། ང་བོད་དུ་ལོག་འགྲོ་བ་ཐག་བཅད་ནས་འདིར་འོང་ཡིན། ཡིན་ན་ཡང་བོད་ལ་འགྲོ་ཆོག་པའི་འཛིན་རགས་མ་བྱུང་། ད་ལྷོ་ཕྱོགས་སུ་ཕར་ལོག་བསམ་ཀྱང་། ལམ་མགྲོན་གྱི་དཀའ་ངལ་ཏོག་ཙམ་འདུག་ཞུ་ཡིན། ཁོང་གིས་ལམ་སང་ག་སྲིད་འདང་གི་མི་འདུག། གསུངས་བྱུང་། ངའི་ལག་ཏུ་དངུལ་ཆིག་སྟོང་མ་གཏོགས་མེད་ཞུས་ཡིན། ཁོང་གིས་དངུལ་ཁྲི་གཅིག་གནང་བྱུང་། ངའི་སེམས་ལྷོད་ལྷོད་བྱུང་། ཨ་ནས་མེ་འཁོར་གྱི་འཛིན་ཏོག་ཁ་ཕྱིན་ཡིན། ཉིན་གསུམ་ཉིན་མོར་མེ་འཁོར་ནང་འགྲོ་ཆོག་པའི་འཛིན་རགས་བྱུང་། རྒྱ་གར་ལྷོ་ཕྱོགས་སུ་ཕར་ལོག་ཡིན། ལམ་འགག་མེ་འཁོར་ནང་དུ་གཉིད་ཁུག་སྐབས། རྨི་ལམ་གཏོང་ནས། རང་ཡུལ་ཕྱོགས་སུ་སྤུན་མཆེད་མཉམ་དུ་བསྡད་བཞག་པའི་ཤར་བྱུང་། གཉིད་དྭངས་སྐབས། བལྟ་འོང་དུས་མེ་འཁོར་ནང་དུ་རེད་འདུག། སེམས་པ་སྐྱོ་ལྷང་ལྷང་ཞིག་གི་མ་འདས་སུ་མོན་གྷོའི་སླེབས་སོང་།།