༢༠༡༢ ཀྱི་འཇིག་རྟེན་མཛངས་མའི་དབུ་རྒྱན་དེ་ཨ་རིར་ཐོབ་འདུག
ཕྱི་ལོ་༢༠༡༢ ཀྱི་འཇིག་རྟེན་མཛངས་མའི་འགྲན་སྡུར་ནང་རྒྱལ་ཁབ་༨༩ ཡི་མཉམ་ཞུགས་བྱས་ཡོད་པ་དང། མཐའ་མའི་འགྲན་རྩོད་ཁྲོད་ཨ་རིའི་ནས་ཡིན་པའི་བུད་མེད་ཨོ་ལི་ཝི་ཡ་ཀུལ་ལ་ཐོབ་སྟེ། འཇིག་རྟེན་མཛངས་མའི་དབུ་རྒྱན་གཡོག་ཡོད་པ་རེད།
དེ་ཡང་འདིའི་ལོའི་འཇིག་རྟེན་མཛངས་མའི་འགྲན་སྡུར་གྱི་ཉིན་མཐའ་མ་དེ་ཨ་རིའི་མངའ་སྡེ་ནྭེ་ཝ་ཌའི་གྲོང་ཁྱེར་ལ་སེ་ཝེ་གྷ་སིར་ཟླ་འདིའི་ཚེས་༡༩ ཉིན་འཚོགས་ཡོད་པ་དང། ཐེངས་འདིའི་འགྲན་སྡུར་ནང་རྒྱལ་ཁབ་བརྒྱད་ཅུ་གྱ་དགུའི་གཞོན་ནུ་མ་མཉམ་བྱས་ཡོད་པ་དང་། ༢༠༡༢ ལོའི་འཇིག་རྟེན་མཛངས་མའི་འགྲན་སྡུར་དབུ་རྒྱན་དེ་རང་ལོ་༢༠ ཡིན་པའི་ཨ་རིའི་བེུད་ཨོ་ལི་ཝི་ཡ་ཀུལ་པོར་ Olivia Culpo ལ་ཐོབ་ཡོད་པ་རེད།
རྒྱལ་ཁབ་ཧྥི་ལི་པིན་ནས་ཡིན་པའི་གཞོན་ནུ་མར་ཨང་རིམ་གཉིས་པ་དང། ཝེ་ནི་ཛུ་ལའི་གཞོན་ནུ་མར་ཨང་རིམ་གསུམ་པ་ཆགས་ཡོད་པ་རེད།

འགྲན་སྡུར་ནང་དམིགས་བསལ་གྱི་བྱ་དགའ་མི་འདྲ་བ་གསུམ་ཡོད་པས། དེ་དག་ནས་བུད་མེད་ཉམས་དགའ་ཤོས་ཀྱི་བྱ་དགའ་དེ་གྷེ་ཏེ་མ་ལ་ནས་ཡིན་པའི་ལོ་རྭ་གྷོ་ཌིར་ཐོབ་ཡོད་པ་དང། བེུད་པར་ཉམས་དོད་ཤོས་དེ་ཀོ་སོ་ཝ་ནས་ཡིན་པའི་ཌ་ཡི་ནྭ་ཨ་ཝ་ཌི་ཡུར་ཐོབ་ཡོད་པ་དང། གོས་རྒྱན་ལེགས་ཤོས་ཀྱི་བྱ་དགའ་དེ་རྒྱ་ནག་ནས་ཡིན་པའི་ཅི་ཏེན་ཞུར་ཐོབ་ཡོད་པ་རེད།
འཇིག་རྟེན་མཛངས་མའི་འགྲན་བསྡུར་དེ་ཐོག་མ་༡༩༥༢ ལོར་གསར་འཛུགས་བྱས་ཡོད་པ་དང། ད་བར་ཨ་རི་ལ་དབུ་རྒྱན་རྒྱལ་ཁ་༨ དང། ཝེ་ནི་ཛུ་ལར་༦ པུར་ཏོ་རི་ཀོར་༥ སུ་ཝི་ཌན་ལ་༣ དེ་བཞིན་རྒྱ་གར་གྱིས་གཙོས་གཞན་རྒྱལ་ཁབ་༩ ལ་༢ ཀོ་ལམ་བྷི་ཡར་༡ བཅས་ཐོབ་ཡོད་པ་རེད།
་
