བོད་མི་བཞི་ལ་བྱ་དགའ་ཐོབ་འདུག་
བོད་མི་བཞི་གཙོས་པའི་རྒྱལ་ཁབ་བཅུ་དགུ་ཙམ་ནས་ཡིན་པའི་རྩོམ་པ་པོ་དང་གསར་འགོད་པ་༤༡་ལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ལོ་འདིའི་Helleman—Hammentt Gant ཞེས་པའི་བྱ་དགའ་ཐོབ་ཡོད་པ་རེད།
དེ་ཡང་ཨ་རིའི་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་པ་ལྟར་ན།བོད་མི་བཞི་གཙོས་པའི་རྒྱལ་ཁབ་བཅུ་དགུ་ཙམ་ནས་ཡིན་པའི་རྩོམ་པ་པོ་དང་དྲ་ཐོག་པ་རྩོམ་བྲིས་གནང་མཁན།དེ་བཞིན་གསར་འགོད་པ་རྣམས་རང་ཉིད་བཙོན་འཇུག་དང་ཉེད་ཁར་ལ་མ་འཛེམས་པར་སྤྱི་ཚོགས་ཐོག་དངོས་ཡོད་གནས་ཚུལ་གསལ་སྟོན་བྱེདཀྱི་ཡོད་པར་བསྔགས་བརྗོད་ཞུ་ཆེད་བྱ་དགའ་དེ་ཕུལ་བ་ཡིན་ཞེས་གསུང་།
དེ་ནས་ད་ཐེངས་འདིའི་ནང་ལ་བྱ་དགའ་ཐོབ་མཁན་གྱི་བོད་མི་བཞིའི་བདེ་འཇགས་ཀྱི་ཆེད་ཁོང་རྣམ་པའི་མཚན་ཕྱིར་འདོན་གནང་མེད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱིས་བརྗོད་དོན་ལ། གོང་ཞུས་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་གསར་འགོད་པ་དེ་ཚོའི་ནང་ནས་རྒྱ་ནག་གི་རྩོམ་པ་པོ་བརྒྱད་དང་བོད་མི་རྩོམ་པ་་པོ་བཞི་བཅས་་ཚང་མ་གཞུང་ཕྱོགས་ནས་བཙོན་འཇུག་དང་བཀག་ཉར་བྱེད་མྱོང་ཡོད་པས་མ་ཟད།དེའི་སྐབས་ཁོང་ཚོར་འཇིགས་སྐུལ་སོགས་ཀྱི་དཀའ་ངལ་མང་པོ་ཕྲད་མྱོང་ཡོད་ཅིང་། དེ་དག་ནང་ནས་ད་དུང་མི་བདུན་བཙོན་ཁང་ནང་ཡོད་མུས་ཡིན་འདུག
Hellmanཞེས་པ་ནི་ཨ་རིའི་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་མཚན་ཐོག་གོང་ཞུས་བྱ་དགའ་དེ་ཆེད་བཙུགས་གནང་བ་ཞིག་ཡིན་ཞིང་། བྱ་དགའ་དེ་བཞིན་ཆབ་སྲིད་ཀྱི་གནད་དོན་གྱིས་རྐྱེན་པས་རྡུང་འདེགས་དང་དཀའ་ངལ་ཕྲད་པའི་རྩོམ་པ་པོ་ཚོར་གནང་གི་ཡོད་པ་དང་། བྱ་དགའ་དེར་མ་དངུལ་ཨ་སྒོར་ཁྲི་གཅིག་གནང་གི་ཡོད་པ་དང་། འདས་པའི་ལོ་ངོ་ཉི་ཤུ་རྩ་གསུམ་རིང་ཐེབས་རྩ་དེས་རྒྱལ་ཁབ་༩༢ཙམ་ནང་གི་རྩོ་པ་པོ་ ༧༥༠ཙམ་ལ་བྱ་དགའ་དེ་གནང་མྱོང་ཡོད་པ་རེད།།
