བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གྲོངས་པ།

r tyc7_2011_10_7ཟླ་༡༢ ཚེས་༣༠ ཉིན་གྱི་ཐོ་རངས་ཆུ་ཚོད་༤།༣༠ ཐོགས་བཀའ་ཟུར་སྐུ་ངོ་བསོད་ནམས་སྟོབས་རྒྱལ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག སྐུ་ངོ་མཆོག་སྙུང་ནས་ཟླ་༦ ཙམ་ཕྱིན་ནས་ཅུང་ཟད་དྲག་སྐྱེད་བྱུང་ཡོད་ནའང་།

r tyc7_2011_10_7

ཕྱི་ཟླ་༡༢ པའི་ཚེས་ཤར་ནས་བསྐྱར་དུ་བསྙུང་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་ཚེས་༣༠ ཉིན་གྱི་ཞོགས་པ་སྐུ་གྲོངས་ཡོད་པ་རེད། སྐུ་ངོ་མཆོག་ད་ལོ་དགུང་གྲངས་༧༧ ཕེབས་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཆོས་རིག་བཀའ་བློན། ཕྱི་དྲིལ་བཀའ་བློན། འཕྲོད་བསྟེན་བཀའ་བློན། དཔལ་འབྱོར་བཀའ་བློན་བཅས་དང། དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་དང་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་བཅས་ཀྱིས་སྐུ་ཕཱུང་ལ་མཇལ་དར་ཕུལ་ཏེ་མྱ་ངན་ཞུས་པ་ཡོད་པ་རེད།

དེ་བཞིན་དྷ་ས་ནས་་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ཀྱང་ཡོད་པ་རེད།