གནམ་གཤིས་ཀྱིས་གཅུན་པའི་ང་།
སྟོན་འཇུག་ལོ་མ་རྫོགས་པའི་དགུན་དུས་ཀྱི་བང་རིམ།།
དཔྱིད་ཉི་དྲོད་ཀྱིས་སྟོང་བའི་དབྱར་དུས་ཀྱི་དགག་གཞི།
གྲང་རླུང་ཙག་གི་ངར་ཤུགས་འགྲམ་ངོས་ལ་གཟན་པའི།།
མནར་མེད་དམྱལ་ཁམས་ལྟ་བུའི་དེ་རིང་གི་གནམ་གཤིས།།
དཔའ་བོ་མེ་ལ་དཔར་བའི་སྡུག་བསྔལ་གྱི་སེམས་ཁམས།།
ཆར་ཤག་འཕྲེད་དུ་བབས་པས་ལུས་ཁམས་ཀྱི་ཟུག་རྔུ་།།
འབྱུང་བཞི་ཁད་ཀྱིས་འགྱུར་བའི་ཞེད་སྣང་གི་རྒྱ་མཚོ།།
མནར་མེད་དམྱལ་ཁམས་ལྟ་བུའི་དེ་རིང་གི་གནམ་གཤིས།།
བཟོད་མེད་ལུས་ཀྱིས་བཞེས་པའི་གྲང་རག་གི་ཁྲོ་ཆུ།།
ལྷགས་རླུང་གང་ནས་ལྡང་བ་ངེས་མེད་ཀྱི་རྟོགས་འཆར།།
རིགས་དྲུག་རླུང་ལྟར་རྒྱུ་བའི་མེག་གྷན་གྱི་འགྱུར་ལྡོག།།
མནར་མེད་དམྱལ་ཁམས་ལྟ་བུའི་དེ་རིང་གི་གནམ་གཤིས།།
ཁྲིམས་ཀྱིས་གཅུན་པ་མེད་པའི་རང་བྱུང་གི་ཆོས་ཉིད།།
ཁྲེལ་གྱིས་བསལ་བ་མེད་པའི་གླད་མེད་ཀྱི་གྲུབ་རིས།།
འཁྱག་འཁྱག་གསོན་པོའི་སྣང་བ་འགག་ཉེན་ལ་ལྷུང་བའི།།
མནར་མེད་དམྱལ་ཁམས་ལྟ་བུའི་དེ་རིང་གི་གནམ་གཤིས།།
ཁ་མཚར་སྣང་བ་མོད་པོ་གནམ་གཤིས་ཀྱིས་བཀག་སོང་།།
ཁུ་སིམ་ལྷིང་འཇགས་སྤྲོ་བོ་གནམ་གཤིས་ཀྱིས་དཀྲོཌ་སོང་།།
ཁངས་ཆར་མར་མར་འབབ་པའི་ཡུས་ངན་གྱི་སྣེ་གདོང་།།
མནར་མེད་དམྱལ་ཁམས་ལྟ་་དེ་རིང་གི་གནམ་གཤིས།།
ཉིན་སྲིབ་ལམ་གྱི་གཞི་མདོ་འདབ་རྫབ་ཀྱིས་ཁེངས་སོང་།།
འདུ་འཛུའི་སྲང་ལམ་དོག་པོ་ཆར་ཤག་གིས་དེད་སོང་།།
གཞོས་འདབས་གོས་ཀྱི་སྣེ་མོ་འདམ་ནང་ལ་ལྷུང་བའི།།
མནར་མེད་དམྱ་ཁམས་ལྟ་བུའི་དེ་རིང་གི་གནམ་གཤིས།།
སྤྱོ་ལོ་༢༠༡༣་ཟླ་༡་ཚེས་༡༣་ཉིན་བྲིས།
