༄༅།། མི་ལ་ཚང་།
དཀའ་སྤྱད་སོ་ཁ་སྟོང་གི་ཁུགས་སོ་ན།།
ལས་ཉོན་སྒྲིབ་པ་ཟད་པའི་དཔང་རྟགས་ཤིག།
ལོ་རྒྱུས་སྟོང་ཕྲག་བརྒལ་ཀྱང་མིག་མདུན་དུ།།
གནམ་སའི་བར་ན་འགྱིང་བའི་ངོ་མཚར་བཀྲ།
ཁྲག་དྲི་དྲོན་མོ་འཕྱུར་སའི་དབུས་ཕྱོགས་སུ།།
མི་ལ་ཟེར་བའི་དཔའ་རྒོད་མཚན་སྙན་ཅན།།
ཆོད་སེམས་བཅོས་མིན་རི་མོའི་གཟུགས་རིས་དེ།།
ས་སྒང་དབུ་ཡི་རྩེ་ན་དྲག་ཏུ་ལྡིར།།
མི་ལའི་ལོ་རྒྱུས་བྲག་དཀར་ཟོམ་ནས་འབུས།།
སྙན་པའི་གྲགས་པ་གོ་ལའི་རྩེ་ན་འཕུར།།
ཆོས་པ་རློན་པ་ཟེར་བའི་མིང་གྲགས་ཅན།།
ལོ་རྒྱུས་སྙན་མོའི་ཆུ་རྒྱུན་ད་དུང་འཕྱུར།།
ནང་བསྟན་ཡིག་ཚང་ཁྲོད་དུ་གསེར་མདོག་བསྐྲུན།།
མི་ཚེའི་ལོ་རྒྱུས་གསེར་ཡིག་བྲིས་ན་ཆོག།
མི་ལ་ཟེར་བའི་མི་རྒོད་སྣང་སྐྱིད་པོ།།
ཨ་ཁུ་མི་ལ་ཟེར་བའི་ཆོས་པ་དགོས།།
མི་ཚེ་དབེན་རིར་བསྐྱལ་བའི་མི་ལ་རྗེ།།
དཀའ་སྤྱོད་སྙིང་སྟོབས་རྡོ་རིང་གནམ་ལ་བསླངས།།
གསེར་མཁར་དགུ་ཐོག་ནང་པའི་སྤྱི་ནོར་མཆོག།
མི་ལ་ཟེར་བའི་ཕོ་རྒོད་ཆོད་སེམས་ཅན།།
གསེར་ལྡོམ་བུ་ང་མི་ལའི་མཛད་རྗེས་དུང།།
མི་ལ་ཟེར་བའི་ཆོས་པ་སྣང་སྐྱིད་དེ།།
ཁྱེད་ཀྱི་མགུལ་འབུམ་མི་ཚེའི་འཛུམ་མདངས་དངོས།།
མི་ལའི་མི་ཚེའི་རྒྱུད་ལམ་སེམས་ལ་ལྷུང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་ རྡ་སར་ནས་སུག་བྲིས་སོ།། ༢༠༡༢ ༡༢ ༡༩