ཁམས་དཀར་མཛེས་རང་སྐྱོང་ཁུལ་དུ་ས་ཡོམ་ཤུགས་ཚད་༥།༤

ཟླ་འདིའི་ཚེས་༡༨ བོད་ནང་གི་མཚན་མོའི་ཆུ་ཚོད་༨ དང་༩ པའི་ཁམས་དཀར་མཛེས་རང་སྐྱོང་ཁུལ་གྱི་རྫོང་ཁག་ཁ་ཤས་ནང་ས་ཡོམ་ཤུགས་ཚད་༥།༤ ཡས་མས་ཅན་ཞིག་བརྒྱབ་ཡོད་པ་དང་། ཁང་པ་ཁག་ཅིག་གཏོར་སྐྱོན་བྱུང་བ་ལས། ད་ལྟའི་ཆར་མི་ལ་གནོད་སྐྱོན་མི་འདུག་ཟེར།

དེ་ཡང་ས་ཡོམ་གྱི་རྒྱག་སའི་ལྟེ་བ་དཔལ་ཡུལ་ཡིན་པ་དང་། དཀར་མཛེས་རྫོང་དུ་ཡང་ཤུགས་ཆེ་ཙམ་བརྒྱབ་ཡོད་འདུག གསེར་རྟ་རྫོང་དང་། འབའ་ཐང་རྫོང་ཐོག་ཏུ་ཡང་ཤུགས་ཚད་ཆུང་ཆུང་ཐེངས་འགར་བརྒྱབ་ཡོད་འདུག  ཤུགས་ཚད་ཆེ་བ་རྒྱག་ས་ཚོའི་ཁང་པ་ཁག་ཅིག་འཐོར་བ་དང་། ནང་གི་ཅ་ལག་འཐོར་བ་སོགས་བྱས་པ་ལས། མི་ལ་གནོད་སྐྱོན་བྱུང་མེད་པ་དང་། ད་ལྟ་མི་ཚང་མ་ཕྱི་ལོག་ཏུ་ཉལ་གྱི་ཡོད་འདུག །