སྲིད་སྐྱོང་དང་ཚོགས་གཙོས་སྣེ་ཁྲིད་པའི་གོམ་བགྲོད་ལས་འགུལ།

bangchen2_2013_1_31ཕྱི་ལོ་༢༠༡༣ ཟླ་༡ ཚེས་༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་པའི་བདག་ཉིད་ཆེན་པོ་གཱན་དྷིའི་པུར་ཁང་དུ་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་སྨོན་ལམ་གསུང་འདོན་གྲུབ་རྗེས། ས་གནས་དེ་ནས་གྲོས་ཚོགས་ལམ་ཆེན་ཇན་ཏར་མན་ཏར་བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དང།

ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་གཙོས་མཛད་གཙོ་རྣམ་པས་སྣེ་ཁྲིད་དེ་བོད་མི་༧༠༠༠ ཙམ་གྱིས་ཞི་བའི་གོམ་བསྒྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་བདག་ཉིད་ཆེན་པོ་གཱན་དྷིའི་སྐུ་ཕུང་བཞུགས་ཡུལ་རཇ་གྷཊ་(Raj Ghat)རུ། རྒྱ་གར་དང་ཤྲི་ལངྐའི་ནང་པ་དང། དེ་བཞིན་ཡེ་ཤུ། ཁ་ཆེ། གཅེར་བུ་བ། ཧིན་རྡུ། སིཀ། བྷ་ཧེ། ཇེའུ་བཅས་དང། བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བཅས་ཆོས་དཔོན་རྣམ་པ་དང་བོད་པའི་དགེ་འདུན་པ་༧༠༠ ཙམ་གྱིས་རིམ་པ་བཞིན་འཛམ་གླིང་ཞི་བདེ་དང་། བྱེ་བྲག་ཏུ་བོད་ནང་རང་ལུས་མེ་སྲེག་གཏོང་མཁན་དག་གི་ཆེད་དུ་ཆོས་ལུགས་སོ་སོའི་ལུགས་སྲོལ་བཞིན་སྨོན་ལམ་གསུང་མཚམས། ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ། སྲིད་སྐྱོང་དང། ཚོགས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་རྣམས་ཀྱིས་བདག་ཉིད་ཆེན་པོ་གཱན་དྷིའི་པུར་ཁང་ལ་མེ་ཏོག་དང་མཇལ་དར་སྒྲོན་འབུལ་ཞུས་ཡོད་པ་རེད།

bangchen2_2013_1_31

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་བཀའ་བློན་དང་སྤྱི་འཐུས་རྣམ་པས་སྣེ་ཁྲིད་དེ་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མི་དང། བོད་དོན་རྒྱབ་སྐྱོར་བ་མི་མང་༧༠༠༠ ལྷག་ཙམ་གྱིས་ཕྱག་ཏུ་འཕྲེད་དར་དང་འབོད་ཚིག་སྣ་ཚོགས་བསྣམས་ཏེ་རཇ་གྷཊའི་ཉེ་འགྲམ་ནས་ཇན་ཏར་མན་ཏར་(Jantar Mantar)བར་ཞི་བའི་གྲོམ་བགྲོད་ཅིག་གནང་སོང།

གོམ་བགྲོད་གནང་ནས་ཇན་ཏར་མན་ཏར་དུ་འབྱོར་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཛད་རིམ་སྙན་སྒྲོན་དང། སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ཉིན་བཞིའི་རིང་གི་གདུང་སེམས་མཉམ་སྐྱེད་ལས་འགུལ་ངོ་སྤྲོད། ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་རིམ་པ་བཞིན་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་སོང། ཁོང་རྣམ་པ་མང་ཆེ་བས་འཛམ་གླིང་ཞི་བདེ་ཡོང་ཐབས་དང་། ལྷག་དོན་བོད་མི་བོད་དོན་བདེན་པའི་མཐའ་གསལ་ཐབས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་དང། གསོལ་འདེབས་སྨོན་ལམ་གསུང་གི་ཡོད་ཅེས་སོགས་གསུངས་སོང། དེའི་རྗེས་སུ་མི་མང་གིས་སྐད་འབོད་གནང་ཞིང། ཕྱི་དྲོ་ཆུ་ཚོད་བཞི་པའི་ཐོག་བདེན་ཚིག་སྨོན་ལམ་དབྱངས་དང་བཅས་གསུངས་གྲུབ་རྗེས། ཉིན་དེའི་ལས་འགུལ་མཇུག་བསྡོམས་གནང་ཡོད་པ་རེད།

bangchen1_2013_1_31སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་མ་གཏོགས་བཀའ་བློན་ཆ་ཚང་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ཀྱིས་དབུས་སྤྱི་འཐུས་རྣམ་པ། ནང་སྲིད་དྲུང་ཆེ་དང། བདེ་སྲུང་དྲུང་ཆེ། ཕྱི་དྲིལ་དྲུང་འཕར། དེ་བཞིན་ས་གནས་ཁག་གི་ས་གནས་འགོ་འཛིན་དང། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ་བཅས་ཀྱིས་སྣེ་ཁྲིད་ནས་མི་མང་གི་མཉམ་དུ་ལས་འགུལ་སྤེལ་བ་ཐེངས་དང་པོ་དེ་ཆགས་ཡོད་པ་དང། གོམ་བགྲོད་སྐབས་ཀྱང་སྐད་འབོད་རང་རང་གིས་གང་འདོད་བཞིན་བྱེད་ཆོག་པ་ལས། བཀའ་སྤྱི་གཉིས་ནས་དམིགས་བསལ་སྟངས་འཛིན་གང་ཡང་མེད་པ་རེད།།

bangchen3_2013_1_31bangchen4_2013_1_31bangchen6_2013_1_31bangchen8_2013_1_31bangchen5_2013_1_31