ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཉིན་མོར་སློབ་བུ་འགས་ཤར་མར་བྲིས།
༡ལྕགས་ཁུང་ཚེ་དབང་།
ལྟ་བ་ཀློང་ཆེན་ཆོས་སྐུའི་དོན་རྟོགས་ཤིང་།
བསྒོམ་པ་རབ་འབྱམས་ཆོས་ཉིད་གནད་ལ་མཁས།
སྤྱོད་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་བསླབས།
འབྲུས་བུ་བློ་གྲོས་སྐལ་ལྡན་རྒྱུད་ལ་སྨིན།
ཀུན་མཁྱེན་དྲི་མེད་འོད་ཟེར་སྙིང་ནས་དྲན།
དྲི་མེད་རིག་ཁམས་དྭངས་པའི་ཀློང་ཡངས་ནས།
འོད་ཟེར་ཐུགས་རྗེ་འགྲོ་བའི་དཔལ་ཤར་ཞིང། ་
ཚེ་འདིར་ཆོས་སྐུའི་རྒྱལ་སར་འགོད་མཛད་པ།
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་དྲན།
༢བསོད་ནམས་ཕུན་ཚོགས།
བརྩེ་ཆེན་འོད་ཞགས་འཁྲིགས་པའི་བསམ་ཡས་ལུང་མང་།།
སྙིགས་དུས་རྨོངས་མུན་རྡོལ་བའི་དུས་རབས་ཤིག་ལ།།
མདོ་རྒྱུད་རྒྱ་མཚོའི་རྦ་རླབས་ཐུགས་སུ་འཁྱིལ་བའི།།
ཀུན་རྫོབ་རྒྱུ་མའི་འདི་སྣང་རྒྱང་ནས་དོར་བའི།།
རྫོགས་ཆེན་བསྟན་པའི་ཤིང་རྟ་བསམ་ཡས་ཡབ་ཆེན།།
མདོ་སྔགས་རིག་གཞུང་གླེགས་བམ་བོད་ལ་འཇོག་མཁན།།
མི་ཚེ་དབེན་རིར་བསྐྱལ་བའི་བྱ་བཏང་ཆེན་མོ།།
མཛད་འཕྲིན་གསེར་འོད་འཁྱིལ་བའི་རང་མདངས་མ་ཉམས།།
བསྟན་ལ་མཛད་རྗེས་ཆེ་བའི་ཆོག་ཤེས་ཅན་པོ།།
དབུས་ཕྱོགས་གཙང་བོའི་གཞུང་ནས་གང་དུ་ཕེབས་སམ།།
༣ལེགས་བཤད་སྐལ་ལྡན།
སྔ་འགྱུར་བསྟན་པའི་གཙུག་རྒྱན་ཀློང་ཆེན་པ། །
ཁྱེད་གྱི་བཀའ་དྲིན་སྙིགས་དུས་ཡང་ཡང་དྲན། །
ཚེ་ཐུང་ནད་མང་དུས་སུ་ལྷག་དུ་དྲན། །
ལས་ངན་ང་ཚོ་ཐུགས་ནས་རྗེས་བཟུང་ཤིག།
༤ཆོས་ཉིད་ཚེ་དབང་།
འཆད་པའི་གཏེར་ལ་དབང་འབྱོར་ཚངས་སྲས་གསུང་།།
རྩོམ་པའི་མཛོད་ལ་བྱང་ཆུབ་བློ་ཡི་མཆོག།
རྩོད་པའི་མཆོག་གྱུར་དྲི་མེད་འོད་ཟེར་ཞབས།།
མི་འབྲལ་སྤྱི་བོའི་རྒྱན་དུ་རྟག་བཞུགས་གསོལ
༥ ཚེ་རིང་བསོད་ནམས།
མཚུངས་མེད་བསྟན་པའི་གཙུག་རྒྱན་ཀློང་ཆེན་པ།།
མཛོད་བདུན་ཀློང་ནས་རྡོལ་བའི་ཀློང་ཆེན་པ།།
མགོན་མེད་ཉམས་ཐག་སྐྱོབས་པའི་ཀློང་ཆེན་པ།།
ཉམས་ངའི་གཡང་ལས་སྒྲོལ་ཅིག་ཀློང་ཆེན་པ། །
༦བློ་བཟང་འཕྲིན་ལས།།
མགོན་མེད་སེམས་ཅན་རྣམས་ལ་མ་ལྟར་བརྩེ་ཞིང་།།
མདོ་རྒྱུད་རྒྱ་མཚོ་ལྟ་བུའི་ཕར་མཐར་སོན་སྟེ།།
སྐུ་ཚེ་གང་བོར་བྱ་བཏང་གནས་ལ་བརྩོན་པའི།།
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་ནས་དྲན་ནོ།།
༧སློབ་ཕྲུག་རིག་འཛིན་མགོན་པོ།།
ངེས་དོན་ཆོས་ཀྱི་རྒྱལ་པོ།།
ཀུན་མཁྱེན་ཀློང་ཆེན་རབ་འབྱམས།།
འགྲན་བྲལ་སེམས་ཀྱི་གསོས་སྨན།།
ཉམ་ཆུང་བརྩེ་བས་སྐྱོང་མཛོད།།
༨སློབ་ཕྲུག་བདེ་སྐྱིད་སྒྲོལ་མ།།
ངེས་དོན་གྱིས་ཀློང་ཆེན་པ
ཁྱེད་ལ་བསྐྱལ་མཇལ་གྱི་འདུན་པ་དང་བཅས
རྟག་ཏུ་ངའི་སེམས་གཏིང་ནས་དྲན་བཞིན་ཡོད།
བྱམས་སེམས་ཀྱིས་ཐུགས་རྒྱུད་ཕྱུག་ཅིང
ཞི་བདེ་ཡི་འགྲོ་རྣམས་སྐྱོབས་པའི་དམ་པ་ཁྱེད
བདག་གི་ཕ་ཁྱིམ་དུ་ཕེབས་པར་སྨོན།
ངས་ནམ་ཡང་ཁྱེད་ཀྱི་བཀའ་དྲིན་དྲན་བཞིན
ཁྱེད་ཀྱི་གསུང་མཆོག་གི་བདུད་རྩི་ལ་སྒུག་ཡོད།
༩འཕྲིན་ལས་འོད་ཟེར།
བསྟན་པའི་སྲོག་གི་ཀ་བ་བཙུགས་པའི་ངེས་དོན་ཆོས་ཀྱི་རྗེ་བོ་སྟེ།།
ལྷར་བཅས་སྤྱི་བོས་གཙུག་ཏུ་བཀུར་བའི་སྔ་འགྱུར་བསྟན་པའི་རྒྱལ་མཚན་ཆེ།།
ལུགས་གཉིས་གསེར་གྱི་ཅོད་པན་བསྣམས་ཏེ་ཁ་བའི་མགོན་དུ་ཕེབས་ན་ཡང་།།
གློ་བུར་འཇིགས་རུང་དབྱིངས་ནས་གཤེགས་ཏེ་བདག་ལ་སྐྱོ་བའི་སྡུག་བསྔལ་བྱིན།།
སྤྱི་ལོ་༢༠༡༣་ཟླ་༢་ཚེས་༣༠ཉིན་བྲིས།