སུན་སྣང་ཞིག
མཁའ་མཐར་འདི་ན་འོད་གཅིག་ཡོད་པར་བདེན་ན་
བདག་སང་ཉིན་གྱི་ལམ་ཆེན་དེར་ལྷོད་དེ་བཞུད་ན་ཆོག་མོད་
འདིར་མིག་ཟུང་ཀྱག་ཀྱོག་ལས་མེད་པས་
རང་ཉིད་ཀྱིས་ཁེར་ལམ་འཚོལ་བཞིན་ཡོད་
མཁའ་མཐར་འདི་ན་དཔུང་ཞིག་ཡོད་པར་བདེན་ན་
དྲོ་སོབ་སོབ་ཀྱི་གཞིས་ཁྱིམ་ཞིག་འཚོལ་ན་ཆོག་མོད་
འདིར་ཁ་མི་མཐུན་པའི་མི་ཚོགས་མོད་པས་
རང་ཉིད་ཀྱིས་ཁེར་ལམ་ཞིག་འཚོལ་བཞིན་ཡོད་
མཁའ་མཐར་འདིར་ན་དྲོད་ཅིག་ཡོད་པར་བདེན་ན་
བདག་དགུན་གྱིས་རླུང་བུས་གཙེས་མི་ནུས་ནའང་
འདིར་སྟོང་སང་སང་གི་འཁུན་སྒྲ་ལས་ཅི་ཡང་མེད་པས་
ང་རང་ཉིད་ཀྱིས་ཁེར་ལམ་ཞིག་འཚོལ་བཞིན་ཡོད་
༢༠༡༣ ཟླ་ ༠༡ པའི་ཚེས་ ༡༩ ཉིན་གྱི་དགོང་མོ།