ན་ཟླ་ཚོ་་་་ང་བཟི་སོང་།

ན་ཟླ་ཚོ

ང་བཟི་སོང་།

ཁྲག་རྣག་གིས་གཏོད་བའི་མཁར་གྲོང་དུ

བང་སོ་ཁྲི་སྟོང་གི་བྲང་ཁོག་ན་་་་་ང་བཟི་སོང་།

 

ན་ཟླ་ཚོ

མཐོ་སྒང་གི་གཟི་འོད་འབྲེག་ཏེ

འུར་དོད་ཀྱིས་རི་ཀླུང་བཀང་དུས་་་་ང་བཟི་སོང་།

ན་ཟླ་ཚོ

མེ་མདའ་ཁྲི་སྟོང་གི་སོ་ཁའི་འོག་ཏུ

སྡུག་བསྔལ་གྱིས་ཁོར་ལོ་བསྐོར་དུས་་་་་་་ང་བཟི་སོང་།

ན་ཟླ་ཚོ

ཚེ་སྲོག་དེ་མཆོད་མེ་འབུལ་ཡང་།

འཇིག་རྟེན་ལ་སྙིང་རྗེ་ཟད་དུས་་་་་་་ང་བཟི་སོང་།

ན་ཟླ་ཚོ

ང་བཟི་སོང་་་་ང་བཟི་སོང་་་་་་ང་བཟི་སོང་་་་་

རྣམ་ཤེས་ཁྲི་ཕྲག་གིས་བར་དོ་བཀང་ཞིང་

འཆི་བ་ཚོར་འགྲོ་ས་མེད་བའི་ཞིང་ཁམས་དེར

རྣ་བས་མི་ཐོས་བའི་ཀི་སྒྲགས་དང་།

སེམས་པས་མི་ཚོར་བའི་ངུ་ངག་

ད་དུང་སུས་ཀྱང་ཨ་ལན་མེད་པའི་འབོད་སྒྲགས་སོགས

རི་སུལ་གྱི་རྐང་ལམ་བསྙེགས་ཏེ

ཐག་རིང་ཐག་རིང་ལ་སོང་ནས་་་་ཐག་རིང་ཐག་རིང་སར་བརླགས་དུས་་་

ང་སླར་ཡང་བཟི་སོང་་་་་ཇེ་མཐུག་ཏུ་བཟི་སོང་་

ན་ཟླ་ཚོ་་་་་་ང་བཟི་སོང་་་་ང་བཟི་སོང་་་་་